ཀྲུང་གོ་བོད་ཀྱི་དྲ་བ།

ཡོའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨིར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡོའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨིར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་།

ཡོའུ་ཆོན་གྱིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་སྡེའི་མི་སྣར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས། ཡོའུ་ཆོན་གྱིས་པཎ་ཆེན་གྱིས་ཕྱོགས་སོ་སོར་ཐོབ་པའི་ཡར་རྒྱས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུ་དང་། ཆོས་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནང་བསྟན་གྱི་ཡོན་ཚད་དང་ཆོས་ལུགས་ཀྱི་བློ་སྦྱོང་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་འཇོག་དགོས་པའི་རེ་བ་བཏོན། 

པཎ་ཆེན་རིན་པོ་ཆེས་ཡོའུ་ཆོན་ལ་ཁ་བཏགས་ཕུལ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་རྒྱུ་དང་། སློབ་སྦྱོང་ལ་འབད་བརྩོན་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།