ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཐད་ཀྱི་སྔོན་ཐོན་དམངས་གཉེར་ཁེ་ལས་དང་ལས་བཟོ་བར་གཅེས་སྐྱོང་གི་མཉམ་རྒྱལ་མངོན་འགྱུར་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་ཡོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྔོན་ཐོན་དམངས་གཉེར་ཁེ་ལས་དང་ལས་བཟོ་བར་གཅེས་སྐྱོང་གི་མཉམ་རྒྱལ་མངོན་འགྱུར་གཟེངས་བསྟོད་ཚོགས་ཆེན་བརྙན་ལམ་ཚོགས་འདུའི་རྣམ་པས་པེ་ཅིང་དུ་འཚོགས་པ་རེད། 

རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་ཕྱོགས་གསུམ་པོའི་ཚབ་བྱས་ནས་ཚོགས་འདུའི་ཐོག་གསུང་བཤད་གནང་། ཀའོ་ཡུན་ལུང་གིས་བསྟན་དོན། 2020ལོར་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་པ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་ལས་གནས་བརྟན་བརླིང་དང་རྒྱ་ཆེར་བཏང་ནས་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་ལ་ཁག་ཐེག གཞི་རྩའི་དམངས་འཚོར་ཁག་ཐེག་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཏེ་སྔོན་ཐོན་དཔེ་བཟང་དང་མི་སེམས་འགུལ་བའི་བྱས་རྗེས་འབོར་ཆེན་ཞིག་ཐོན་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་བྱས་ཏེ་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་བ་དང་། སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་དང་དམངས་འཚོར་ཕན་བདེ་སྐྲུན་པའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས། 

གཟེངས་བསྟོད་ཚོགས་འདུའི་གཏན་འབེབས་ལྟར་ན། པེ་ཅིན་གྱི་ལེན་ཏུང་དངུལ་འཇོག(ཚོགས་པ)ཚད་ཡོད་ཀུང་སི་སོགས་དམངས་གཉེར་ཁེ་ལས92ལ“རྒྱལ་ཡོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྔོན་ཐོན་དམངས་གཉེར་ཁེ་ལས”ཀྱི་མཚན་སྙན་ཐོབ་པ་དང་། པེ་ཅིང་གྲོང་ཁྱེར་མིན་ལུང་དུས་རབས་འཛུགས་སྐྲུན་རྒྱུ་ཆ་ཁྲོམ་ར་ཚད་ཡོད་ཀུང་སིའི་བཟོ་ཚོགས་སོགས་དམངས་གཉེར་ཁེ་ལས་ཀྱི་བཟོ་ཚོགས29ལ“རྒྱལ་ཡོངས་ཀྱི་གཉིས་གཅེས་གཉིས་བདམས་ཀྱི་སྔོན་ཐོན་ཁེ་ལས་བཟོ་ཚོགས”ཀྱི་མཚན་སྙན་ཐོབ། དབྱང་ཞིའུ་ཆི་སོགས་བློ་མཐུན32ལ“རྒྱལ་ཡོངས་ཀྱི་ལས་བཟོ་བར་གཅེས་སྐྱོང་བྱེད་པའི་དམངས་གཉེར་ཁེ་ལས་པ་ཕུལ་བྱུང”གི་མཚན་སྙན་ཐོབ། ཁྲེན་ཞོན་ཡེ་སོགས་བློ་མཐུན32ལ“རྒྱལ་ཡོངས་ཀྱི་ཁེ་ལས་ལ་དགའ་ཞེན་བྱེད་པའི་ལས་བཟོ་བ་ཕུལ་བྱུང”གི་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།