ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁའ་དམག་མཁའ་སྐྱོད་དམག་དཔུང་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་བ་དེས་དམག་དཔུང་ཡོངས་ཀྱི་དཔོན་དམག་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁའ་དམག་མཁའ་སྐྱོད་དམག་དཔུང་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་བ་དང་། དམག་དཔུང་ཡོངས་ཀྱི་དཔོན་དམག་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོ་གནང་བ་དེས་དཔོན་དམག་རྣམས་ལ་དྲོད་ཁོལ་གནང་བ་དང་བརྩོན་སེམས་བསྐྱེད། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བཤད་རྒྱུར། དུས་དང་རྣམ་པ་ཀུན་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངག་བཅོལ་ནན་མོ་ཡིད་ལ་དམ་པོར་བཅངས་ཤིང་། དམག་དཔུང་སྟོབས་ལྡན་དུ་འགྱུར་བར་འབད་འཐབ་བྱེད་པ་དང་དམག་འཐབ་གྲ་སྒྲིག་ཁྲོད་དུ་སྔར་ལས་མདུན་སྐྱོད་བྱས་ཏེ། དམག་དཔུང་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔོན་དམག་གི་སློབ་སྦྱོང་དང་འཚོ་བར་ཧ་ཅང་ཐུགས་ཁུར་བྱེད་ཀྱིན་ཡོད་པས། ཁོང་ཉིད་ཆེད་དུ་འཕུར་སྐྱོད་རུ་ཆེན་ག་གེ་མོའི་མཁའ་ཐོག་ཞབས་ཞུའི་ཐོག་ཁང་དུ་ཕེབས་ཏེ་འབྲེལ་ཡོད་གནས་ཚུལ་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་བསྟན་དོན།  དམག་དཔུང་ལ་མཚོན་ན་དམག་དོན་སྦྱོང་བརྡར་བྱ་བ་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་སྦྱོང་བརྡར་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དང་ལག་བསྟར་བཟང་བོ་བྱེད་པ་དང་། མཁའ་དམག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམག་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱ་བ་དམ་འཛིན་བྱས་ནས། སྦྱོང་བརྡར་ཆུ་ཚད་དང་དམག་འཐབ་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

དམག་དཔུང་གིས་དུས་ཆེན་སྐབས་ཀྱི་འཚོ་བ་གྲ་སྒྲིག་བྱས་ཚད་ལ་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་གིན་ཡོད། ཁོང་གིས་རིམ་པ་སོ་སོས་རིམས་ནད་འགོག་བཅོས་ཀྱི་རེ་བ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། དུས་ཆེན་སྐབས་ཀྱི་འབྲེལ་ཡོད་བྱ་འགུལ་འོས་འཚམ་སྒོས་བཀོད་སྒྲིག་བྱས་ནས། དཔོན་དམག་རྣམས་ལ་དམག་དཔུང་དུ་ལོ་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་པའི་སྐུལ་མ་བཏང་།

མེས་རྒྱལ་གྱི་དོན་དུ་ལས་གནས་གཏན་སྲུང་བྱེད་པ་དང་མི་དམངས་ཀྱི་དོན་དུ་བྱ་བ་གང་ལེགས་སྒོས་སྒྲུབ་རྒྱུ་ནི་དཔོན་དམག་རྣམས་ཀྱི་བླ་མེད་འགན་འཁྲི་དང་འགྱུར་མེད་བརྩེ་སེམས་ཡིན། དམག་དཔུང་ཡོངས་ཀྱི་དཔོན་དམག་གིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་བརྟན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།