ཀྲུང་གོ་བོད་ཀྱི་དྲ་བ།

ནང་སོག་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་གཏམ་འབེབས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ནང་སོག་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། དེ་ནི་ནང་སོག་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་རེད། དེས་རང་སྐྱོང་ལྗོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་གྱི་སྟོང་ཆ་ཁ་གསབ་བྱས་ཤིང་སྲོལ་ཡིག་དེ2021ལོའི་ཟླ5བའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་ནང་གསལ་བོར་བསྟན་དོན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ནི་མི་རིགས་སོ་སོའི་ཆེས་མཐོའི་ཁེ་ཕན་ཡིན་ཞིང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་གཏོང་བའི་ཐད་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་མ་ཟད། ནང་སོག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱ་འགུལ་གྱི་ཉམས་མྱོང་དེ་དག་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱ་འགུལ་རྣམས་ལས་ཁུངས་དང་ཁེ་ལས། སྡེ་ཁུལ། སུའུ་མོ་ཤང་གྲོང་། སློབ་གྲྭ དམག་དཔུང་། ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ས། དྲ་རྒྱ་བཅས་སུ་སྤེལ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། སྲོལ་ཡིག་ནང“མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བ”དང“མི་རིགས་ཁྲིམས་སྐྱོང་དྲིལ་བསྒྲགས་གཟའ་འཁོར”། དེ་མིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔེ་མཚོན་འཛུགས་པ་སོགས་ཀྱི་ཐད་ལ་གཏན་འབེབས་བྱས།

མི་རིགས55ཐུན་མོང་ཐོག་འཚོ་གནས་བྱེད་པའི་ནང་སོག་ནི་རང་རྒྱལ་དུ་འཛུགས་སྔ་ཤོས་ཀྱི་མི་རིགས་རང་སྐྱོང་ལྗོངས་དང་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་སྔ་ཤོས་ཀྱི་ས་ཆ་ཞིག་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།