ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་སོ་སོས་གནས་སྐབས་ཁ་གསབ་བྱིན་ནས་ལོ་སར་སྐབས་སུ་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་ཕྲིན་ལྟར། གསར་འགོད་པས་ཚེས7ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ལོ་སར་སྐབས་སུ་དཀའ་ངལ་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱ་ཆེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་སུ་ས་གནས་སོ་སོའི་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི་དང་རིན་གོང་འཕར་བ་གཉིས་མཉམ་འབྲེལ་སྒྲིག་གཞི་ལག་བསྟར་བྱས་ནས། དུས་ཐོག་ཏུ་གནས་སྐབས་རིན་གོང་ཁ་གསབ་བྱིན་པ་མ་ཟད། མགོ་རྩོམ་པར་ཆ་རྐྱེན་ལོན་མེད་པའི་ས་གནས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་དཀའ་ངལ་མང་ཚོགས་ལ་དུས་ཆེན་སྐབས་ཀྱི་ཁ་གསབ་དང་གནས་སྐབས་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེར་བར་སྐུལ་ལྕག་གནང་།

རྒྱུས་ལོན་པ་ལྟར་ན། ཀོང་ཏུང་ཞིང་ཆེན་ཧྲན་ཐིག་གྲོང་ཁྱེར་དང་། ཏུང་ཀོན་གྲོང་ཁྱེར། ཀྲའོ་ཆིན་གྲོང་ཁྱེར་གྱིས་ཐེངས་གཅིག་རང་བཞིན་གྱི་རིན་གོང་ཁ་གསབ་སྒོར་མ་དངུལ་སྒོར་ཁྲི9400བྱིན་པ་དང་།  མི་གྲངས་ཁྲི28ལ་ཕན་ཁེ་བསྐྲུན་ཞིང་། ཧྲིན་ཀྲིན་གྲོང་ཁྱེར་གྱིས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་། དཀའ་ངལ་མང་ཚོགས་དང་དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣར་མི་རེར་སྒོར1500ནས་སྒོར3000གྱི་དུས་ཆེན་ཁ་གསབ་བྱིན་ཞིང་། མ་དངུལ་སྒོར་ཁྲི400ལྷག་ལ་སླེབས། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་དང་། ཞྭ་མིན་གྲོང་ཁྱེར། ཆོན་ཀྲིག་གྲོང་ཁྱེར་གྱིས་ལག་དངུལ་དང་དངོས་པོ་སྟེེར་བའི་རྣམ་པས་དཀའ་ངལ་མང་ཚོགས་ལ་གནས་སྐབས་ཀྱི་ཁ་གསབ་དང་། དུས་ཆེན་གྱི་འཚམས་འདྲི་སྒོར་མོ་བྱིན་པ་དང་། མ་དངུལ་སྒོར་ཁྲི5500ལ་སླེབས་ཤིང་། མི་ཁྲི18ལ་ཕན་ཁེ་བསྐྲུན། 

དེ་ལས་གཞན། ཧེ་ལུང་ཅང་ཞིང་ཆེན་དང་། ཧྲན་ཏུང་ཞིང་ཆེན། ཧུའུ་པའེ་ཞིང་ཆེན། ཅི་ལིན་ཞིང་ཆེན། ལའོ་ཉིན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཧྲའན་ཞི་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ཅང་ཞི་ཞིང་ཆེན་སོགས་ས་གནས་སུ་དཀའ་ངལ་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་དང་རོགས་སྐྱོར་མ་དངུལ་བྱིན།

2020ལོའི་རིང་ལ། རྒྱལ་ཡོངས་སུ་ཁྱོན་བསྡོམས་གནས་སྐབས་རང་བཞིན་གྱི་ཁ་གསབ་སྒོར་དུང་ཕྱུར310བྱིན་པ་དང་། མི་ཐེངས་ཁྲི་དུང་ཕྱུར5.2ཕན་ཁེ་བསྐྲུན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། རྗེས་མར་མུ་མཐུད་དུ་ས་གནས་སོ་སོའི་རིན་གོང་གནས་བབ་ལ་བལྟས་ནས། དུས་ཐོག་ཏུ་མཉམ་འབྲེལ་སྒྲིག་སྲོལ་འགོ་བརྩམས་ཏེ། མ་མཐའི་དམངས་འཚོ་ལ་འགན་སྲུང་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཚུལ་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།