ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ལུང་ཅང་ཞིང་ཆེན་དུ་ཐེངས་འདིའི་རིམས་ནད་ཁྲོད་ཐོག་མར“གཉིས་མེད”མངོན་འགྱུར་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧེ་ལུང་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཚེས6ཉིན་གྱི་ཆུ་ཚོད0ནས24བར་ཧེ་ལུང་ཅང་ཞིང་ཆེན་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མེད་པའི་ནད་པ་གསར་དུ་འཕར་མེད་པ་རེད།

ཉིན་དེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ29ཡོད་པའི་ཁྲོད་སུའེ་ཧྭ་གྲོང་ཁྱེར་ཝང་ཁུའེ་རྫོང་ལ་ནད་པ25དང་ཧའེ་ལུན་གྲོང་ཁྱེར་ལ་ནད་པ1། ཧའར་པིན་གྲོང་ཁྱེར་དམངས་ཕན་གསར་སྤེལ་ཁུལ་ལ་ནད་པ2། ཏ་ཆིང་གྲོང་ཁྱེར་ཀྲའོ་ཀྲོའུ་རྫོང་ལ་ནད་པ1བཅས་ཡོད་པ་རེད། ཏ་ཆིང་གྲོང་ཁྱེར་ལ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཅིག་ཀྱང་མེད་པ་རེད།

ཉིན་དེར་ནད་རྟགས་མེད་པའི་ནད་པ52གསོ་རིག་ལྟ་ཞིབ་ལས་གྲོལ་བ་དང་། དེའི་ཁྲོད་སུའེ་ཧྭ་གྲོང་ཁྱེར་ཝང་ཁུའེ་རྫོང་གི་མི28དང་། ཆིང་ཀང་རྫོང་གི་མི1། ཧའར་པིན་གྲོང་ཁྱེར་གྱི་དམངས་ཕན་གསར་སྤེལ་ཁུལ་གྱི་མི7། ཧུའུ་ལན་ཆུས་ཀྱི་མི3། ཆི་ཆི་ཧའར་གྲོང་ཁྱེར་ཨང་ཨང་ཤིས་ཆུས་ཀྱི་མི9། ཧྭ་ཅན་ཆུས་ཀྱི་མི1། ཧྥུའུ་ལ་ཅི་ཆུས་ཀྱི་མི2། དབྱི་ཁྲུན་གྲོང་ཁྱེར་ཏ་ཝུའུ་ཧྲན་རྫོང་གི་མི1བཅས་ཡོད་པ་རེད། ཆི་ཆི་ཧའར་གྲོང་ཁྱེར་དང་དབྱི་ཁྲུན་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ་གཅིག་ཀྱང་མེད་པར་གྱུར།

2021ལོའི་ཟླ2ཚེས6ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ387ཡོད་པའི་ནང་སྤྱིར་བཏང་ཅན་གྱི་ནད་པ273དང་ཡང་གྲས་ནད་པ114ཡོད་ལ། ནད་རྟགས་མེད་པའི་ནད་པ371ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།