ཀྲུང་གོ་བོད་ཀྱི་དྲ་བ།

​2021ལོའི“སྤྲོ་སྐྱིད་ལོ་སར”བྱ་འགུལ་གྱིས་ལོ་སར་རིག་གནས་ཀྱི་བྲོ་བ་བརྒྱུད་བསྐུར་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི“སྤྲོ་སྐྱིད་ལོ་སར”འཛམ་གླིང་ཡོངས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཚེས4ཉིན་པེ་ཅིན་དུ་སྤེལ་བ་དང་། དྲ་ཐོག་གི་རྣམ་པས་ལོ་སར་གྱི་ཁྱད་ཆོས་ལྡན་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ནང་སྙིང་མཚོན་པའི་དམངས་སྲོལ་དང་ཤུལ་བཞག་བྱ་འགུལ། དེ་མིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་རྩལ་འཁྲབ་སྟོན་ལེགས་ཤོས་ཀྱིས་འཛམ་གླིང་གི་ས་གནས་སོ་སོའི་གྲོགས་པོ་ཚོར་ལོ་སར་གྱི་སྨོན་འདུན་བརྒྱུད་བསྐུར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། 2021ལོའི“སྤྲོ་སྐྱིད་ལོ་སར”བྱ་འགུལ་དེ་ཟླ2པའི་ཚེས26ཉིན་བར་སྤེལ་རྒྱུ་ཡིན་ཞིང་། ལོ་སར་གྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་སྙིང་དང་དམ་དུ་འབྲེལ་ནས། དྲ་ཐོག་རོལ་དབྱངས་ཚོགས་པ་དང་། སྒྱུ་རྩལ་དགོང་ཚོགས། སློབ་ཁྲིད་ཆུང་ངུ། བྱ་བ་ལས་སྒྲུབ་བྱེད་ས། བརྙན་ཐུང་སོགས་ཀྱི་རྣམ་པས། དུས་ཆེན་གྱི་དམངས་སྲོལ་དང་། དམངས་སྲོལ་རོལ་མོ། ཀྲུང་ཧྭའི་ཟས་མཆོག  དར་ཐོག་འཁྱུག་རྩལ་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དུས་ཆེན་རིག་གནས་མངོན་པར་མཚོན་རྒྱུ་རེད།

རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ཧུའུ་ཧུ་ཕིན་གྱིས་ཤིས་ཚིག་ཁྲོད་བཤད་རྒྱུར། འདས་པའི་ལོ་ངོ་གཅིག་གི་རིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིག་གནས་བརྗེ་རེས་དང་མི་ཚུལ་འགྲོ་འོང་དེ་གཏན་ནས་ཆད་མ་མྱོང་། རྒྱལ་ཁོངས་བརྒལ་བ་དང་། ས་ཁུལ་བརྒལ་བའི་དྲ་ཐོག་རིག་གནས་དང་གནས་སྐོར་བརྗེ་རེས་བྱ་འགུལ་ཕུན་སུམ་ཚོགས་པ་རེད། “སྤྲོ་སྐྱིད་ལོ་སར”གྱི་བྱ་འགུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་རིག་གནས་དང་གནས་སྐོར་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་བར་གྱི་མཛའ་བརྩེའི་ཐད་ཧུར་བརྩོན་བྱ་རྒྱུའི་རེ་བ་བཏོན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།