རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་གིས2021ལོའི་ལོ་སར་གྱི་དྲ་རྒྱའི་ཁོར་ཡུག་གཙང་སེལ་ཆེད་དོན་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས4ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། སྤྲོ་སྐྱིད་དང་བདེ་ཐང་གི་ལོ་སར་དྲ་བའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་དུས་ཡུན་ཟླ1རིང་གི་ལོ་སར་དྲ་རྒྱའི་ཁོར་ཡུག་གཙང་སེལ་ཆེད་དོན་བྱ་འགུལ་སྤེལ། ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་བྱ་འགུལ་གྱིས་རྒྱ་ཆེའི་དྲ་དམངས་ཀྱི་དྲ་རྒྱའི་མྱོང་རོལ་ལེགས་བཅོས་དང་འགན་སྲུང་བྱེད་པ་དང་དམ་དུ་འབྲེལ་ནས། གཙོ་གནད་དྲ་ཚིགས་དང་། འཚོལ་ཞིབ་མ་ལག   བརྡ་ཁྱབ་སོགས་བརྡ་འཕྲིན་དང་འོས་སྦྱོར། འཚོ་བའི་ཞབས་ཞུ། སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ། གླེང་སྟེགས་མཁར་སྡེ། ཐད་གཏོང་། བརྙན་ཐུང་སོགས་བེད་སྤྱོད་གོ་རིམ་ལ་དམིགས་ནས། ཆགས་སྲེད་དང་། དྲག་ཤུགས། ཤོ་རྒྱག་པ་དང་། འཆལ་གཏམ། ལོག་གཡེམ་སོགས་གནད་དོན་ལེགས་བཅོས་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འཆལ་གཏམ་དང་བརྡ་འཕྲིན་རྫུན་མར་རྒོལ་རྡུང་དྲག་པོ་གཏོང་རྒྱུར་ཐག་གཅོད་བྱས། 

ཐེངས་འདིའི་ཆེད་དོན་བྱ་འགུལ་གྱིས་གཙོ་གནད་དྲ་ཚིགས་སྟེགས་བུའི་པར་ངོས་ཐོག་མ་དང་། གླེང་གཞི། གཙོ་གནད་འོས་སྦྱོར། གནད་འགག་གོ་གནས་ཀྱི་ཁྲིམས་འགལ་དང་བརྡ་འཕྲིན་མི་ལེགས་པ་གཙང་སེལ་བྱས་ཏེ། སྒྲོ་འདོགས་དང་འུད་བརྗོད། གཅིག་བསྡུས་སྒོས་འཚོ་བའི་ཞབས་ཞུ་རིགས་ཀྱི་སྟེགས་བུར་བརྡ་ཁྱབ་མི་ལེགས་པ་སྤེལ་བའི་བྱ་སྤྱོད་འགོག་སྲུང་བྱེད་པ་དང་། སྒོས་སུ་དྲ་བའི་སྟེང་གི་མི་ལེགས་པའི་གནད་དོན་འགོག་པའི་བྱ་འགུལ་སྤེལ་རྒྱུ་རེད། 

རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགན་ཁུར་བས་བསྟན་དོན། ས་གནས་སོ་སོའི་དྲ་འཕྲིན་སྡེ་ཁག་གིས《དྲ་རྒྱའི་ཆ་འཕྲིན་ནང་དོན་ལེགས་བཅོས་ཀྱི་གཏན་འཁེལ》གྱི་འབྲེལ་ཡོད་བླང་བྱ་ལྟར། བྱ་བའི་བྱེད་ཐབས་གཏན་འཁེལ་དང་། དྲ་ཚིགས་སྟེགས་བུའི་འགན་འཁྲི་དོན་འཁྱོལ་བྱས་ནས། ཆེད་དོན་བྱ་འགུལ་སྤེལ་བ་བརྒྱུད་དེ་མང་ཚོགས་ཀྱི་བཏོན་པའི་དྲ་རྒྱའི་ཁོར་ཡུག་གནད་དོན་ཚ་ཤོས་ཐག་གཅོད་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་སྤྲོ་སྐྱིད་དང་བདེ་ཐང་གི་དྲ་རྒྱའི་ཁོར་ཡུག་ཅིག་སྐྲུན་དགོས་པར་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།