རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་དྲུག་པ་འཕེན་གཏོང་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད23དང་སྐར་མ36ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་དྲུག་པ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། སྲུབ་སྐར་དེ་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་དུ་སླེབས་པ་རེད། འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་དྲུག་པ་དེ་གཙོ་བོ་སྲུང་སྐར་འཕྲིན་གཏོང་དང་། རླུང་འཕྲིན་བརྙན་འཕྲིན། གཞི་གྲངས་བརྒྱུད་གཏོང་སོགས་ཀྱི་ལས་སྒོའི་ཐད་སྤྱོད་པ་ཡིན་ལ་འབྲེལ་ཡོད་ལག་རྩལ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་རེད། ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས360པ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།