ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀུའེ་དབྱང་གི་སྒོ་རྩིས་ཚོང་ཁང་དང་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཚེས4ཉིན་གྱི་ཕྱི་དྲོར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོན་ཧྲན་མཚེའུ་ཁུལ་གྱི་དམངས་ཕན་སྒོ་རྩིས་ཚོང་ཁང་དུ་བསྐྱོད་དེ་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་དང་ལོ་སར་གྱི་མཁོ་ཆས་མཁོ་སྤྲོད། ཟོག་གོང་འཁོར་སྐྱོད་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། དེའི་རྗེས། ཁོང་གིས་ཀོན་ཧྲན་མཚེའུ་ཁུལ་ཅིན་དབྱང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱི་གྲོང་མིར་གཟིགས་པ་དང་། སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།