ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་གསུམ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་ཁུལ་ཁོངས་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བ་གཏན་འབེབས་དང་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་པ་དང་།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་ཐོན་ལས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་།    ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་འབྲེལ་ཡོད་སྲིད་ཇུས་ནང་ཕྱིར་འབུད་པར་བཀོད་སྒྲིག་དང་འཐུས་ཚང་དུ་གཏོང་བ།   ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་བསྟན་དོན།   ཁུལ་ཁོངས་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བ་དོན་འཁྱོལ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་སྒོ་འབྱེད་རྒྱ་བསྐྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར།    འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ནང་གི་འབྲེལ་ཡོད་སྦྲེལ་མཐུད་གྲ་སྒྲིག་བྱ་བ་མགྱོགས་མྱུར་ངང་གཏན་འབེབས་དང་ལག་བསྟར་བྱེད་དགོས། མིག་སྔར་ཁྲིམས་འཛིན་ཞིབ་བཤེར་དང་ཚོང་ཟོག་ཉོ་ཚོང་གི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བའི་ཁས་ལེན་རེའུ་མིག་བསྒྱུར་བའི་ཇུས་གཞིའི་གཏན་ཁེལ་ཡོངས་གྲུབ་བྱས་ཡོད་པ་དང་།    ཐོན་ཡུལ་གྱི་རིམ་བསགས་སྒྲིག་སྲོལ་ལག་བསྟར་ལག་རྩལ་གྲ་སྒྲིག་ཐད་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ལ།  གཏན་འབེབས་དང་འབྲེལ་བ་ཡོད་པའི་ཚོད་འཛིན་རང་བཞིན་གྱི་འོས་འགན་བདུན་བརྒྱ་དང་གཅིག་གི་བརྒྱ་ཆའི་གྱ་ལྔའི་འོས་འགན་ལག་བསྟར་བྱེད་པའི་གྲ་སྒྲིག་བྱ་བ་ཡོངས་གྲུབ་བྱས་ཡོད།  གོ་རིམ་རྗེས་མར།   གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་གདོང་གཏོད་དགོས།   གཅིག་ནས་ཐོན་ཡུལ་གྱི་རིམ་བསགས་སྒྲིག་སྲོལ་ལག་བསྟར་བྱེད་པ་དེ་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ཁུལ་ཁོངས་ནང་གི་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ།  ཁུལ་ཁོངས་ཐོན་ལས་སྦྲེལ་མཐུད་དང་མཁོ་འདོན་སྦྲེལ་མཐུད་གཏན་འཇགས་དང་ཇེ་དྲག་ཏུ་གཏོང་བ་བཅས་ལ་ཕན་པ་ཡོད་པར་ངོས་འཛིན་གང་ལེགས་བྱེད་པ་དང་།     རྒྱལ་ནང་གི་འབྲེལ་ཡོད་དོ་དམ་ལམ་ལུགས་བཅོས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།   ཐོན་ཡུལ་གྱི་དོ་དམ་བྱེད་ཐབས་དང་ལག་བསྟར་མཛུབ་ཁྲིད་གཏན་འབེབས་བྱེད་པ།    དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་ལག་རྩལ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས་གྲོས་མཐུན་མགྱོགས་མྱུར་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས།  གཉིས་ནས་གྲོས་མཐུན་ལག་བསྟར་བྱས་རྗེས་ཁོར་ཡུག་འགྲན་རྩོད་ཐད་སྔར་ལས་སྒོ་འབྱེད་དང་སྔར་ལས་ཕུན་སུམ་ཚོགས་པའི་རྣམ་པ་གསར་པ་དང་མཐུན་པར་བྱེད་པ་དང་།   རྒྱལ་སྤྱིའི་སྔོན་ཐོན་ཐོན་ལས་ཆུ་ཚད་ཚད་གཞིར་བཟུང་སྟེ་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་ཚད་གཞི་དང་སྒྲིག་ལམ་སོགས་འཐུས་ཚང་དུ་གཏོང་བ།   བཟོ་སྐྲུན་ལས་རིགས་ཆུ་ཚད་འབྲིང་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་ཐོན་ལས་སྤུས་ཚད་ཚུལ་སྒྱུར་མངོན་འགྱུར་བྱེད་པ།  ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱེད་དགོས།     གསུམ་ནས་གྲོས་མཐུན་ལགབསྟར་གྱི་འབྲེལ་ཡོད་གསོ་སྦྱོང་ཤུགས་ཚད་ཆེ་རུ་བཏང་སྟེ་ཁེ་ལས་ཀྱིས་གྲོས་མཐུན་གྱི་ནང་དོན་དང་ཁོངས་གཏོགས་རྒྱལ་ཁབ་ཀྱིས་སྒོ་ཁྲལ་ཇེ་ཉུང་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་ཐོན་ཡུལ་དཔང་ཡིག་རེ་ཞུ་བྱེད་པ་སོགས་ཀྱི་བླང་བྱར་རྒྱུས་ལོན་བྱེད་པར་རོགས་བྱེད་དགོས།    ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ་ཚུལ་སྒྱུར་རིམ་སྤོར་གྱི་བྲེལ་མྱུར་འདུ་ཤེས་སོགས་ཇེ་དྲག་ཏུ་བཏང་སྟེ་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།