ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། ང་ཚོའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་ལོ་ཆུང་བྱིས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ལོ་ཆུང་བྱིས་པར་སེམས་ཁུར་བྱེད་ཀྱིན་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་ལོ་ཆུང་བྱིས་པ་སྐྱེད་སྲིང་བཟང་བོ་བྱེད་རྒྱུ་དེ་ནམ་ཡང་འགྱུར་བ་མེད་པའི་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བར་བརྩི་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཧ་ཅང་མཐོང་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་བཟང་བོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས།

དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་ཞིང་ལོ་ཆུང་བྱིས་པའི་ཆབ་སྲིད་ཀྱི་བློ་སྒོ་འབྱེད་པ་དང་རིན་ཐང་ལྟ་བ་གསར་བཟོ་བྱེད་ནུས་ཇེ་ཆེར་གཏོང་བ་དང་། ལོ་ཆུང་བྱིས་པས་ནམ་ཡང་གྲ་སྒྲིག་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ལས་དོན་ལ་འབད་འཐབ་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་དང་རྒྱུན་འཛིན་བྱེད་རྒྱུ་འགན་སྲུང་བྱེད་པ། དམར་དམག་གི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

བསམ་འཆར་ལས། གཅིག ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། ལངས་ཕྱོགས་བརྟན་པོའི་སྒོ་ནས་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་དགོས། གཉིས། ལོ་ཆུང་གདོང་ལེན་རུ་མིའི་གཟི་བརྗིད་ཚོར་སྣང་ཇེ་དྲག་ཏུ་གཏོང་བ་དང་། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་མ་ལག་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བར་མ་ཟད། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་རིག་གནས་གསར་སྐྲུན་བྱེད་དགོས། གསུམ། ལག་ལེན་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ལོ་ཆུང་གདོང་ལེན་རུ་ཁག་གིས་ལག་ལེན་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་དང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། ལོ་ཆུང་གདོང་ལེན་རུ་མི་རྣམས་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་བྱ་འགུལ་ལ་ཞུགས་སུ་འཇུག་དགོས། བཞི། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་ཆབ་སྲིད་བྱང་ཚད་སྦྱོང་བརྡར་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་སྡེའི་སྒྲིག་གཞི་ལེགས་སྒྱུར་བྱེད་པར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པར་གདེང་འཇོག་དང་སྐུལ་མ་གཏོང་བའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་འབྲེལ་ཡོད་བསླབ་ཚན་འཛུགས་སྐྲུན་དང་རིགས་གཞུང་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན་ཡོད།

བསམ་འཆར་ལས་ད་དུང་ཏང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་མགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་འགྲོ་གྲོན་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་རེ་བ་བཏོན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།