ཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་ཁྲིམས་གཞུང་གིས་བྱེད་ཐབས་གང་རུང་གིས་མིའི་དབང་བོ་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དབང་བོ་ཉོ་ཚོང་བྱེད་པའི”གནད་དོན་ཐད། ཚེས3ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་དམངས་ཁྲིམས་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་ཧུང་གིས་བསྟན་དོན། དམངས་དོན་ཁྲིམས་གཞུང་གིས་མིའི་ལུས་པོའི་ཕྲ་ཕུང་དང་། མི་ལུས་ཡན་ལག མི་ལུས་དབང་བོ། བེམ་པོ་བཅས་བྱེད་ཐབས་གང་རུང་སྒོས་ཉོ་ཚོང་བྱེད་པ་གཏན་འགོག་བྱས་ཡོད། གཏན་འབེབས་འདི་དང་འགལ་བའི་ཉོ་ཚོང་བྱ་སྤྱོད་གོ་མི་ཆོད་པ་ཡིན། ཉེས་ཁྲིམས་དང《མི་ལུས་དབང་པོ་བརྗེ་བའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚང་མས་དབང་བོའི་ཉོ་ཚོང་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་གཏན་འབེབས་བྱས་ཡོད། གཞན་ཡང་བེམ་པོ་དང་དབང་བོ་ཞལ་འདེབས་འབུལ་བའི་གནད་དོན་ཐད་དམངས་དོན་ཁྲིམས་གཞུང་གིས་གཏན་འབེབ་བྱ་རྒྱུར། རང་བྱུང་མི་འཚོ་བཞུགས་གནང་སྐབས་ཞལ་འདེབས་འབུལ་རྒྱུར་མོས་མཐུན་མེད་ཀྱང་། རང་བྱུང་མི་དེ་འདས་རྗེས་དེའི་བཟའ་ཟླ་དང་ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་ཐུན་མོང་ཐོག་ཞལ་འདེབས་འབུལ་ཆོག་ལ། ཞལ་འདེབས་དེ་ཡིག་ཐོག་ནས་འབུལ་དགོས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།