ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གུང་ཏང་གི་ལོ་རྒྱུས་ཤེས་བྱ་སྐོར་གྱི་དྲིས་ལན》པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས3ཉིན། 《ཀྲུང་གུང་ཏང་གི་ལོ་རྒྱུས་ཤེས་བྱ་སྐོར་གྱི་དྲིས་ལན》ཞེས་པའི་དེབ་འདི་ཉེ་ཆེར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

དེབ་འདི་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་དཔྱོད་པུས་རྩོམ་སྒྲིག་བྱས་ཏེ། དྲི་བ་དྲིས་ལན་གྱི་རྣམ་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བརྒྱུད་རིམ་ལྡན་པའི་ངང་ཕྱིར་དྲན་བྱས་ཏེ། ཀློག་པ་པོ་མང་པོས་དོ་ཁུར་བྱེད་པའི་ཏང་གི་ལོ་རྒྱུས་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་ལན་བཏབ་པ་རེད།《ཀྲུང་གུང་ཏང་གི་ལོ་རྒྱུས་ཤེས་བྱ་སྐོར་གྱི་དྲིས་ལན》དཔེ་སྐྲུན་བྱས་པ་དེས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་གི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱེད་པར་ཕན་ཐོགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཡུན་རིང་འབད་པ་བྱས་ནས་གྲུབ་པའི་ཁྱད་ཆོས་དང་། ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས། དེ་བཞིན་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཉམས་མྱོང་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།