ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས3ཉིན་ལོ་གསར་སྐབས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་མི་འགྲོ་བའི་ཐད་གསལ་འདེབས་བྱས་དོན། དགོས་ངེས་ཀྱི་འགྲོ་དོན་མེད་ན་ཕྱི་རྒྱལ་དུ་ཡུལ་སྐོར་ལ་མི་འགྲོ་བ་དང་། རྒྱལ་ནང་གི་ཉེན་ཆེ་འབྲིིང་ས་ཁུལ་དུ་མི་འགྲོ་བ་ལས་གཞན། ཕྱི་རོལ་ཡུལ་དུ་འགྲོ་རྒྱུ་ཇེ་ཉུང་དུ་གཏོང་དགོས། གལ་ཏེ་ཕྱི་རོལ་དུ་འགྲོ་དགོས་ན་རང་གིས་རང་ལ་སྲུང་སྐྱོང་བྱས་ཏེ་ཁ་ཐུམ་རྒྱག་པའམ་ལག་པ་གཙང་མ་བཀྲུ་བ། མཉམ་འཛོམས་ཇེ་ཉུང་དུ་གཏོང་བ། མཁའ་དབུགས་བརྒྱུད་སླ་བར་བྱེད་པ། མི་དང་མིའི་བར་ལ་སྨི་གཅིག་གི་བར་ཐག་ཡོད་དགོས་པ་བཅས་ཀྱི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
རིག་གནས་དང་ཡུལ་སྐོར་པུའུ་ཡིས་ལོ་སར་སྐབས་སུ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་མི་འགྲོ་བར་གསལ་འདེབས་བྱས།