ཀྲུང་གོ་བོད་ཀྱི་དྲ་བ།

མི་དོན་པུའུ་ཡིས་ལོ་སར་བསུས་ཏེ་ལས་གནས་གཏན་འཇགས་དང་གསོ་སྦྱོང་དུ་སྐྱེལ་བའི་ཆེད་དོན་བྱ་འགུལ་སྤེལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ2པའི་ཚེས1ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། མི་ཤུགས་ཐོན་ཁུངས་པུའུ་ཡིས་ཉེ་ཆར་བརྡ་སྦྱོར་སྤེལ་ཏེ། ཟླ2པོའི་ཚེས1ཉིན་ནས་ཟླ3པའི་ཚེས31ཉིན་བར་ལོ་སར་གྱི་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལོ་སར་བསུ་བ་དང་། ལས་གནས་གཏན་འཇགས་དང་གསོ་སྦྱོང་དུ་སྐྱེལ་བའི་ཆེད་དོན་བྱ་འགུལ་སྤེལ་ནས། ཁེ་ལས་ལ་ལོ་སར་སྐབས་སུ་ལས་བཟོ་བར་གསོ་སྦྱོང་མཁོ་འདོན་བྱེད་པར་སྐུལ་མ་དང་། ལས་བཟོ་བ་ཡུལ་དངོས་དང་དྲ་ཐོག་ནས་གསོ་སྦྱོང་བྱས་ན་ཁ་གསབ་མང་པོ་སྤྱོད་ཆོག་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས་ས་གནས་སོ་སོས་ལས་གནས་གཏན་འཇགས་དང་ལས་བཟོ་བ་འདུག་པའི་དོན་དངོས་དང་ཟུང་འབྲེལ་སྒོས། རིགས་སོ་སོའི་ཁེ་ལས་ཀྱིས་ངལ་གསོ་མི་བྱེད་པར་ལས་ཚོགས་སུ་ཞུགས་པའི་ལས་བཟོ་བ་དང་། ས་གནས་དེ་ག་ནས་ལོ་སར་བ། ཁེ་ལས་ཀྱི་ངལ་གསོ་བའི་ལས་བཟོ་བ། གནད་འཁེལ་ཅན་དང་དམིགས་གཏད་ཅན་གྱི་གསོ་སྦྱོང་ཞབས་ཞུ་རིགས་བཀར་ནས་འདོན་སྤྲོད་བྱས། ཁེ་ལས་ཀྱིས་གཏན་འཁེལ་ཅན་གྱི་ཆེད་ལས་རྩལ་ནུས་རིམ་པ་གཏན་འཁེལ་བྱེད་པའི་དུས་མཚུངས་སུ། ཁེ་ལས་ཀྱི་མི་སྣ་བསྡད་དེ་གསོ་སྦྱོང་བྱས་ན་གསོ་སྦྱོང་ཁ་གསབ་དང་། འཚོ་བའི་ཁ་གསབ། འགྲིམ་འགྲུལ་ཁ་གསབ་སོགས་མང་པོ་སྤྱོད་ཆོག་པར་སྣེ་ཁྲིད་བྱེད་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས་བསྟན་དོན། ས་གནས་སོ་སོས་བྱ་བའི་གསོ་སྦྱོང་དེ་ལས་གནས་གཏན་འཇགས་དང་གསོ་སྦྱོང་དུ་སྐྱེལ་བའི་བྱེད་ཐབས་གལ་ཆེན་དུ་བྱས་ཏེ། བྱ་བའི་གསོ་སྦྱོང་གི་དུས་ཡུན་དེ་ད་ལོའི་ཟླ12བར་རྒྱུན་བསྲིང་བྱས་ཆོག་པ་མ་ཟད། དོན་དངོས་ལྟར་འོས་འཚམས་ཀྱིས་ཁ་གསབ་ཚད་གཞི་མཐོ་རུ་བཏང་ཆོག ལས་སྒྲུབ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། བྱ་བའི་གསོ་སྦྱོང་གི་ཞབས་ཞུའི་དོ་དམ་བྱ་བ་ལེགས་པོར་སྒྲུབ་ནས།  ཁ་གསབ་མ་རྩའི་དྲ་ཐོག་རེ་ཞུའི་བྱེད་ཐབས་སྒྲིག་འཛུགས་བྱས་ནས། ཞིབ་བཤེར་རྩིས་སྤྲོད་ཕན་ནུས་མཐོ་རུ་གཏོང་དགོས་པ་བསྟན། 

བརྡ་སྦྱོར་ལས་ད་དུང་ས་གནས་སོ་སོའི་མི་དོན་སྡེ་ཁག་གིས་ལས་གནས་སུ་འདུག་པའི་མི་སྣར་མ་མཐར་ཡང་ཐེངས3ཡན་གྱི་ཆེད་ལས་གསོ་སྦྱོང་བརྡ་འཕྲིན་མཁོ་འདོན་བྱེད་པ་དང་། ཉུང་མཐའ་ཡང་གསོ་སྦྱོང་ཐེངས1གི་སྲིད་ཇུས་བློ་འདྲི་དང་ཐེངས1གི་འོས་འཚམས་ཀྱི་གསོ་སྦྱོང་རྣམ་གྲངས་འོས་སྦྱོར་བྱས་ནས། གསོ་སྦྱོང་ཁ་གསབ་མ་དངུལ་ཁེ་ལས་ཀྱི་བྱ་བའི་ཤུགས་ཚད་ཐད་བཀོལ་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་སམ་གསོ་སྦྱོང་ལས་ཁུངས་ཀྱིས་སྤེལ་བའི་གསོ་སྦྱོང་དང་བྱ་བའི་གསོ་སྦྱོང་ལ་སྔོན་ལ་བསྡུར་ཚད་ངེས་ཅན་གྱི་གསོ་སྦྱོང་ཁ་གསབ་མ་དངུལ་སྤྲད་ཆོག་པའི་བླང་བྱ་བཏོན་ཡོད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།