ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་རུ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ལྷན་དུ་ལུགས་རྙིང་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་རུ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་ཀྱི་བཞུགས་མོལ་མཛད།

ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོ་རུ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་གཅེས་གྲོགས་པོ་བཅས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་གདན་དྲངས་ནས་ཀྲུང་གོ་སྲིད་གཞུང་གི་བྱ་བར་བསམ་འཆར་དང་གྲོས་གཞི་འདོན་པ་དེ་ཚན་རིག་དམངས་གཙོའི་ཇུས་ཆོད་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེན་མོ་དང་རུང་བསྟུན་ཡོང་བར་ཕན་པ་ཆེན་པོ་ཡོད་ཅེས་བསྟན།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་སྔར་ལས་མང་བོ་ཀྲུང་གོར་བྱ་བ་སྒྲུབ་པར་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཆེད་མཁས་པའི་བྱ་བ་དང་འཚོ་བར་སྟབས་བདེ་མང་བོ་བསྐྲུན་རྒྱུ་ཡིན་ཞེས་བསྟན། 

ཨ་མེ་རི་ཁ་དང་དབྱི་ཐ་ལི། སིང་ཀ་ཕོར། ནེ་པ་ལ། དབྱིན་ཇི། ཧྥ་རན་སི་བཅས་ནས་ཡོང་བའི་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སློབ་གསོ། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ། པྲོག་དབྱིབས་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་སོགས་དཀྱིལ་སྙིང་དུ་བཟུང་ནས་བསམ་འཆར་དང་གྲོས་གཞི་བཏོན།

ལིའུ་ཧི་དང་ཝང་དབྱི། ཞའོ་ཅེ། ཧི་ལིས་ཧྥུན་སོགས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།