ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་གསར་དུ་བདམས་པའི་ཙུང་ལིར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་གསར་དུ་བདམས་པའི་ཙུང་ལི་ལའོ་པུའུ་སང་ནཱ་མུའུ་ཟི་ལེ·ཨོ་ཡོན་ཨིར་ཏན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་ཕན་ཚུན་འབྲེལ་བའི་མནའ་མཐུན་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་ལེགས་ལམ་དུ་འཕེལ་བཞིན་ཡོད། པྲོག་དབྱིབས་གློ་ཚད་རིམས་ནད་བྱུང་རྗེས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རོགས་འདེགས་དང་མཉམ་དུ་རིམས་ནད་ལ་འགོག་སྡོམ་བྱས་པར་བརྟེན། དེ་བསྟུན་གྱི་ཕན་འབྲས་ངེས་ཅན་ལོན་ཡོད་ཅིང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་གྱི་ལེའུ་གསར་པ་བརྩམས། གནས་སྟངས་གསར་པའི་འོག་ཏུ། རྒྱལ་ཁབ་གཉིས་ཀྱིས་སྔར་སྲོལ་གྱི་འབྲེལ་བའི་སྟེང་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་འབད་འབུངས་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།