ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མོ་མན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་ཐོག་མ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་འཕྲིན་བརྒྱུད་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མོ་མན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་ཐོག་མ་བྱས་པ་རེད། 

1.jpg

ཟླ2པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་འཕྲིན་བརྒྱུད་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མོ་མན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་ཐོག་མ་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས2030ལོའི་སྔོན་ལ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྩེ་གྲ་རུ་སླེབས་པ་དང2060ལོའི་སྔོན་ལ་ཐཱན་གཏོང་དྲང་སྙོམས་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཀྲུང་གོས་མིའི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགན་འཁྲི་འཁུར་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བའི་བླང་བྱར་གཞིགས་ནས་བཏོན་པ་ཡིན་ལ། རང་ཉིད་ཀྱི་གནམ་གཤིས་ཁོར་ཡུག་སྲིད་ཇུས་ཁྱབ་བསྒྲགས་གལ་ཆེན་ཞིག་ཀྱང་ཡིན། དུས་བཀག་ལྟར་ཁས་ལེན་དམིགས་ཚད་མངོན་འགྱུར་བྱ་ཆེད། ཀྲུང་གོས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང། ཐཱན་ཉུང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 

ཧན་ཀྲིན་གྱིས་བསྟན་དོན། 2020ལོའི་ཟླ9པར། ཀྲུང་གོ་དང་འཇར་མན། ཡོ་རོབ་བཅས་ཀྱི་མགོ་ཁྲིད་པའི་བརྙན་ལམ་ཐུག་འཕྲད་བརྒྱུད་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འབེབས་བྱས་ཡོད། ང་ཚོས་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་དང་མཐོ་རིམ་གླེང་མོལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་ཁོར་ཡུག་དང་གནམ་གཤིས་ཐད་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒུལ་ཤུགས་གསར་བ་ཞིག་ཏུ་བསྒྱུར་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཡིན་ཡང་ཧེ་བག་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་བྱས་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་བོའི་ཁོར་ཡུག་བཅོས་སྐྱོང་མ་ལག་གཏོད་པར་སྐུལ་འདེད་གཏོང་དགོས། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཀྲུང་གོའི་ཁུན་མིང་དུ་འཚོག་རྒྱུ་ཡིན་པས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཚོགས་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་གི་འཕེལ་རིམ་གསར་པ་ཐུན་མོང་ཐོག་བཏོད་དེ་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་སྐྲུན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

ཏི་མོ་མན་སིས་བསྟན་དོན། ཡོ་རོབ་ཀྱིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་སྤྱད་པའི་དགེ་མཚན་ལྡན་པའི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཡོ་རོབ་དང་ཀྲུང་གོའི་ཁོར་ཡུག་དང་གནམ་གཤིས་ཁྱབ་ཁོངས་ཀྱི་གླེང་མོལ་མཉམ་ལས་རྒྱ་ཆེར་བཏང་ནས་ཕྱོགས་མང་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཡག་པོ་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།