ཝང་དབྱི་ཡིས་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་རྒྱལ་ཁབ་ཀྱི་ཀྲུང་གོའི་བཅའ་སྡོད་གཞུང་ཚབ་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟརརྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས2ཉིན་པེ་ཅིང་དུ་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་རྒྱལ་ཁབ་ཀྱི་ཀྲུང་གོའི་བཅའ་སྡོད་གཞུང་ཚབ་དང་ཐུག་འཕྲད་གནང་བ་རེད།

ཝང་དབྱི་ཡིས་བསྟན་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་མཉམ་དུ་འདུས་པས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་ནས་གཉིས་ཕན་མཉམ་རྒྱལ་བྱེད་འདོད་ཡོད། སྤུས་ཚད་མཐོན་པོས་ངང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་སྐྱོན་བྲལ་དར་ལམ་དང་གཞི་གྲངས་དར་ལམ། ལྗང་མདོག་དར་ལམ་བཅས་བསྐྲུན་པར་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་པ་བརྒྱུད་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་དགོས་ཟེར། 

ཀྲུང་གོར་བཅའ་སྡོད་བྱེད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཅེ་ཉི་སུའོ་ཧྥུའུ་ཡིས་ཀྲུང་གོའི་བཅའ་སྡོད་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཀྱི་ཚབ་བྱས་ཏེ་བསྟན་དོན། ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།