ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་གསར་བསྣོན་བརླན་སའི་རྒྱ་ཁྱོན་སྤྱི་ཆིངས20.26ལ་སླེབས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ2པའི་ཚེས2ཉིན་ནི་འཛམ་གླིང་བརླན་སའི་ཉིན་མོ་ཐེངས25བ་ཡིན་ཞིང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བརླན་སའི་དོ་དམ་སི་ཡི་སི་ཀྲང་གཞོན་པ་ལིས་ཡན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་དང་སླར་གསོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་སོང་བ་དང་། གསར་དུ་ཁ་བསྣོན་བྱས་པའི་བརླན་སའི་རྒྱ་ཁྱོན་སྤྱི་ཆིངས20.26ཡོད་པ་དང་། བརླན་སར་སྲུང་སྐྱོབ་བྱེད་ཚད་བརྒྱ་ཆའི50ཡན་ལ་སླེབས་ཡོད་ཅེས་བསྟན། 

ཁོ་མོས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཚེས2ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་དེ་ལྟར་བཤད་པ་ཡིན། 

ལིས་ཡན་གྱིས་བཤད་རྒྱུར། བརླན་ས་ནི་འཛམ་གླིང་གི་སྐྱེ་ཁམས་མ་ལག་གལ་ཆེན་གྲས་ཀྱི་གཅིག་ཡིན་ཞིང་། དེར་ཆུ་ཁུངས་དང་། ཆུའི་སྤུས་ཚད་དག་གཙང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ། ཆུ་ལོག་གསོག་འབུད་དང་ཐན་འགོག  མཁའ་དབུགས་སྙོམ་སྒྲིག་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་ལྡན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དང་། འབྲུ་རིགས། ཆུའི་ཐོན་ཁུངས་བདེ་འཇགས་བཅས་ཀྱི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱིས་བརླན་སའི་སྲུང་སྐྱོབ་དང་སླར་གསོར་གཅིག་གྱུར་སྐུལ་འདེད་དང་། བརླན་སའི་སྐྱེ་ཁམས་བྱེད་ནུས་མཐོར་འདེགས་སུ་བཏང་སྟེ། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས། གསར་དུ་ཁ་སྣོན་བྱས་པའི་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང201ཡོད་པ་དང་། 2020ལོའི་བར་དུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཁྱོན899ཡོད་ཅིང་། གསར་དུ་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་བརླན་ས15ཡོད་དེ། རྒྱལ་སྤྱིའི་བརླན་སའི་སྐྱེ་ཁམས་གནས་བབས་གལ་ཆེན་གྱི་ལོ་རེའི་ལྟ་ཞིབ་ཚད་ལེན་རྩ་འཛུགས་བྱེད་བཞིན་ཡོད་ཟེར། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།