ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིང་ཆེན27དུ་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་རྩིས་སྤྲོད་ཚོད་ལྟ་བྱེད་མགོ་བརྩམས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ2པའི་ཚེས1ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཧྲན་ཞི་དང་ནང་སོག་སོགས་ཞིང་ལྗོངས15སྤྱིར་བཏང་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་རྩིས་སྤྲོད་བྱེད་པའི་ཚོད་ལྟ་བྱེད་ཡུལ་དུ་གསར་སྣོན་བྱས། ད་ལྟའི་བར་དུ། རྒྱལ་ཡོངས་སུ་ཞིང་ཆེན(ལྗོངས། གྲོང་ཁྱེར)27དུ་སྤྱིར་བཏང་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་རྩིས་སྤྲོད་ཚོད་ལྟ་བྱེད་མགོ་བརྩམས།

གསར་དུ་བསྣན་པའི་ཚོད་ལྟ་བྱེད་ཡུལ་ལ་ཧྲན་ཞི་དང་། ནང་སོག ལའོ་ཉིན། ཅི་ལིན། ཧེ་ལུང་ཅང་། ཧྥུའུ་ཅན། ཅང་ཞི། ཧྲན་ཏུང་། ཧུའུ་པའེ། ཀོང་ཞི། ཧའེ་ནན། ཧྲན་ཞི། ཉིན་ཞྭ། མཚོ་སྔོན། ཞིན་ཅང་བཅས་ཁྱོན་བསྡོམས་ཞིང་ལྗོངས15འདུས་པ་དང་། ཐོག་མར་ཤར་གཏོང་བྱས་པའི་གཅིག་གྱུར་འཆར་འགོད་ས་ཁུལ89ཡོད་པདང་། གཏན་འཁེལ་བྱས་པའི་སྨན་རྫས་སྡེ་ཁག663འདུ།

2018ལོའི་རིང་ལ། འབྲི་ཆུའི་ཟུར་གསུམ་གླིང་དང་། པེ་ཅིན་དང་ཐེན་ཅིན། ཧུ་པེ། ནུབ་ལྷོའི་ཞིང་ཆེན་ལྔ་རུ་བསྟུད་མར་ས་ཁོངས་ནང་ཁུལ་གྱི་སྤྱིར་བཏང་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་བའི་ཐད་ཀར་རྩིས་སྤྲོད་ཚོད་ལྟ་བྱེད་མགོ་བརྩམས་ཤིང་། 2020ལོའི་ལོ་མཇུག་བར་དུ། པེ་ཅིན་དང་ཐེན་ཅིན། ཧུ་པེ། ཧྲང་ཧའེ།ཅང་སུའུ། ཀྲེ་ཅང་། ཨན་ཧོས། ཁྲུང་ཆིན། ཡུན་ནན་གྱི་གཅིག་བསྡུས་ས་ཁུལ། དེ་མིན་སི་ཁྲོན་དང་། ཀུའེ་ཀྲིག བོད་ལྗོངས་སོགས་ཀྱི་གཅིག་གྱུར་འཆར་འགོད་ས་ཁུལ་ཁ་ཤས་སུ། འགྲོ་གྲོན་རྩིས་སྤྲོད་ཞིང་ཆེན་བརྒལ་བའི་སྨན་བཅོས་སྡེ་ཁག་དང་ཕྱིར་འཚོང་སྨན་རྫས་བཙོང་ས་ཁྲི1ལས་བརྒལ་ཞིང་། ཁྱོན་བསྡོམས་ཐད་ཀར་རྩིས་སྤྲོད་མི་གྲངས་ཁྲི300ལས་བརྒལ། 

རྒྱུས་ལོན་པ་ལྟར་ན། མ་མཐའི་སྨན་བཅོས་འགན་སྲུང་ཞིང་ཆེན་བརྒལ་བའི་ས་གནས་གཞན་དུ་ཞག་སྡོད་བྱེད་པའི་སྨན་རིན་དེ་ཐད་ཀར་རྩིས་སྤྲོད་ཟིན་བཀོད་མི་སྣར། སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་དེ་ཐད་ཀར་རྩིས་སྤྲོད་ཞབས་ཞུ་བྱས་ཆོག་པ་མ་ཟད། ཟུར་ནས་ཟིན་འགོད་བྱེད་མི་དགོས།

 འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་ཁེ་དབང་ལ་འགན་སྲུང་བྱ་ཆེད། ཚོད་ལྟའི་སྐབས་སུ་ཐད་ཀར་རྩིས་སྤྲོད་བྱེད་མ་ཐུབ་པའི་འགྲོ་གྲོན་དེ་སྔར་ཡོད་ཀྱི་རྩིས་སྤྲོད་བྱེད་ཐབས་སོར་འཇོག་བྱས་ཡོད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།