ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས1ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་སྐབས་གསུམ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན 《ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ནང་དུ། གསར་གཏོད་ནི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོ་ཡིན་ལ། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ནི་གསར་གཏོད་ཀྱི་སྲུང་སྐྱོབ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་བྱ་བ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་འབྲེལ་བ་ཡོད་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཡོད་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བར་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དོན་ཆེན་ལ་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་ཅེས་ནན་གྱིས་བསྟན་ཡོད།

རྩོམ་ཡིག་ནང་དུ། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་ལས་དོན་རྒྱུན་མ་ཆད་པར་གོང་འཕེལ་དུ་སོང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་བྱའི་ཐོན་དབང་འཕེལ་རྒྱས་ཀྱི་ལམ་ཞིག་ཏུ་བསྐྱོད་ཡོད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་ཐོབ་ནས། ཤེས་བྱའི་ཐོན་དབང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་དང་སྲུང་སྐྱོབ་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་སོང་བ་དང་། སྲུང་སྐྱོབ་ཀྱི་ནུས་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་ལ། སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ། གསར་གཏོད་ལ་སྐུལ་མ་གཏོང་བ་དང་མཚན་སྙན་བསྐྲུན་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། དེ་དང་མཉམ་དུ་མི་འདང་ས་ཡང་གསལ་བོར་ཤེས་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་དུ། དེང་སྐབས་རང་རྒྱལ་ཤེས་བྱའི་ཐོན་དབང་ནང་འདྲེན་གྱི་རྒྱལ་ཁབ་ཆེན་པོ་ནས་ཤེས་བྱའི་ཐོན་དབང་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོར་འགྱུར་བཞིན་ཡོད་ལ། ཤེས་བྱའི་ཐོན་དབང་བྱ་བ་ཡང་གྲངས་ཀ་སྙེག་པ་ནས་སྤུས་ཚད་ཇེ་མཐོར་གཏོང་བར་འགྱུར་བཞིན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་པའི་བླང་བྱ་ནས་མགོ་བརྩམས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་ཡར་སྐུལ་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། གཅིག ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བའི་སྟེང་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས། གཉིས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ། ཤེས་བྱའི་ཐོན་དབང་གི་འབྲེལ་ཐག་ཡོངས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། བཞི། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། ལྔ། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་གཅིག་འདོམས་ཀྱིས་སྤེལ་དགོས། དྲུག ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཀོད་ཡོད།

རྩོམ་ཡིག་ནང་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་ཁུར་དོན་འཁྱོལ་བྱས་ཏེ། ཤེས་བྱའི་ཐོན་དབང་བྱ་བའི་འབྲེལ་ཡོད་མཐུན་སྦྱོར་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་། ཤེས་བྱའི་ཐོན་དབང་གི་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཤེས་བྱའི་ཐོན་དབང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནས་བབ་གསར་བའི་འོག་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་ནས། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བ་རྒྱུན་མ་ཆད་པར་ཆ་ཚད་གསར་བར་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།