ཚེས30ཉིན་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ92གསར་དུ་འཕར་བ་དང་དེའི་ནང་ས་གནས་རང་གི་ནད་པ73ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།  ཚེས31ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་བར། ཟླ1པོའི་ཚེས30ཉིན་གྱི་ཆུ་ཚོད0ནས24བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ92གསར་དུ་འཕར་བའི་སྙན་ཞུ་ཕུལ་ཡོད། དེའི་ནང་ཕྱི་རྒྱལ་ནས་ཐོན་པའི་ནད་པ19(ཧྲང་ཧེ་རུ7དང་། ལིའོ་ཉིན་དུ3། ཀོང་ཏུང་དུ3། ཧྥུ་ཅན་དུ2། ཧྲའན་ཞི་རུ2། ཅང་སུའུ་རུ1། སི་ཁྲོན་དུ1ཡོད།) རང་ས་གནས་ཀྱི་ནད་པ73(ཅི་ལིན་དུ63དང་། ཧེ་ལུང་དུ9། ཧའོ་པེ་རུ1) བཅས་ཡོད།  གསར་དུ་འཆི་བའི་ནད་པ་མེད་ལ། དོགས་ཡོད་ནད་པ་གསར་པའང་བྱུང་མེད།

ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ135གསར་དུ་འཕར་སྣོན་བྱུང་བ་དང་། གསོ་རིག་བརྟག་དཔྱད་ཕྱིར་འཐེན་བྱས་པའི་འབྲེལ་གཏུག་དམ་ཟབ་བྱེད་མཁན1469ཡོད་པ་དང་། ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཉིན་དང་པོ་ལས་མི2ཀྱིས་ཉུང་དུ་ཕྱིན་ཡོད།

ཕྱི་རྒྱལ་ནས་ཐོན་པའི་ནད་རྟགས་ཐག་བཅད་པའི་ནད་པ309(དེའི་ནང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ5)ཡོད་ཅིང་། ད་ལྟ་དོགས་ཡོད་ནད་པ་མེད། བསྡོམས་རྩིས་བྱས་པ་ལྟར་ན་ནད་རྟགས་ཐག་བཅད་པའི་ནད་པ4708ཡོད་པ་དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ4399དང་། འཆི་བའི་ནད་པ་མེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།