ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་རྟགས་བཀོད་དེ་བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་གི་དོ་དམ་སྲོལ་ཡིག་ཅེས་པ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་རྟགས་བཀོད་དེ། བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་གི་དོ་དམ་སྲོལ་ཡིག་ཅེས་པ་བསྒྲགས།

སྲོལ་ཡིག་ཁྲོད་གཅིག་ནས་བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་དོ་དམ་ཁྱབ་ཁོངས་དང་རིགས་དབྱེ་མངོན་གསལ་བྱས། བཅའ་ཁྲིམས་གཏན་འབེབས་ལྟར་དུ་བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་གི་དོ་དམ་ལག་བསྟར་བྱེད་སའི་ཁེ་ལས་དང་མི་དོན་ལས་ཁུངས། དེ་མིན་གཞན་གྱི་ཐོན་སྐྱེད་ཚོང་གཉེར་མཁན་བཅས་ཀྱིས་སྙན་ཞུ་ཕུལ་ནས་བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་བླངས་ཆོག སྙིགས་རོའི་ཐོན་སྐྱེད་ཀྱི་ཚད་དང་ཕྱིར་འདོར་བའི་ཚད། ཁོར་ཡུག་ལ་ཤུགས་རྐྱེན་བཟོས་པའི་ཚད་བཅས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ། བཙོག་སྙིགས་ཕྱིར་འདོར་མཁན་ལས་ཁུངས་ཀྱིས་ཆོག་མཆན་དཔང་ཡིག་གི་རིགས་དབྱེ་ལྟར་དུ་དོ་དམ་བྱེད་དགོས། གཉིས་ནས་བཙོག་སྙིགས་ཕྱིར་འདོར་བའི་ཆོག་མཆན་དཔང་ཡིག་གི་རེ་ཞུ་དང་ཞིབ་བཤེར་ཆོག་མཆན་བརྒྱུད་རིམ་ཚད་ལྡན་ཅན་དུ་གཏོང་དགོས། གསུམ་ནས་སྙིགས་རོ་ཕྱིར་འདོར་བའི་དོ་དམ་ལ་ཤུགས་སྣོན་དགོས། ལྔ་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་སོ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།