ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ1ཚེས29ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས།   དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ།    ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་བསྟན་དོན།   དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་འགོད་རྩ་གནད་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ནི་སྲིད་གཞུང་གི་ཚན་རིག་དམངས་གཙོའི་ཇུས་འགོད་ལ་ཕན་པ་དང་།  དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་མངོན་སྟངས་གལ་ཆེན་ཡིན་པ་དང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་།   དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལིས།    དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་མིན་ཅིན།   དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏཱ་ཧྥིན།   ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧི་ཝེ།   ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་།    དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ།    ཐེ་ཝན་དམངས་གཙོ་མནའ་མཐུན་གྱི་ཀྲུའུ་ཞི་སུའུ་ཧོས།   རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་།   ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀྲིག་ཀྲུང་ཧི་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད།   ཚང་མས་གཅིག་གྱུར་སྒོས་བལྟས་ན།   ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག   རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་ངལ་ཁྱད་སེལ་དང་ཧུར་ཐག་མདུན་སྐྱོད་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་།  དེ་ནི་ལས་སླ་མོ་ཞིག་མིན་ཟེར།

ལིས་ཁི་ཆང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གཞུང་བྱ་བའི་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།   ཁོས་བཤད་རྒྱུར།   རང་རྒྱལ་གྱི་འཕེལ་རྒྱས་ཐད་འགྲན་རྩོད་སྔར་ལས་མང་པོ་གནས་ཡོད་པས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།    འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ།   འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱེད་པ།    ཆེ་མཐོང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱེད་པ་བཅས་བྱས་ཏེ་ཁྲོམ་རའི་གཙོ་གཞིར་དམིགས་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་།    ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཞིབ་འཇུག་ནན་མོ་དང་དང་ལེན་བྱས་ནས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་ཀྱིས་སྲིད་གཞུང་བྱ་བ་ནུས་ཡོད་སྒོས་བཟང་བོར་བསྒྲུབ་ངེས་ཡིན།   ང་ཚོས་དཀའ་ངལ་མཉམ་སེལ་དང་ཇུས་ཤུགས་མཉམ་འདོན་གྱིས་དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་པ་དང་།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འགོ་བཟང་བོ་རྩོམ་པ་མངོན་འགྱུར་བྱེད་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ།  ལིག་ཧི།   ཡུག་ཆོན་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།