ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པར་ཞུགས་པའི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ1ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པར་ཞུགས་པའི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུའི་རིང་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཐད་ནས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་གྱི་དོན་དངོས་མངོན་པར་བྱས་ཡོད། ཕྱོགས་གཉིས་བར་དུ་འགལ་བ་གནས་ཡོད་ལ་ཐུན་མོང་གི་ཁེ་ཕན་ཡང་གནས་ཡོད། ཕྱོགས་གཉིས་བར་དུ་འགལ་རྐྱེན་མི་བཟོ་བ་དང་འགྲན་རྒོལ་མི་བྱེད་པ། ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་གཅིག་སྡུད་བྱེད་པ་དང་འགལ་བར་དོ་དམ་དང་ཚོད་འཛིན་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་གནད་འགག་ཡིན་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་བཤད་དོན། དུས་སྐབས་རྗེས་མར་ཨ་མེ་རི་ཁ་དང་ཀྲུང་གོས་ཁ་ཕྱོགས་གཅིག་ཏུ་མདུན་སྐྱོད་བྱེད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་པའི་ཆེས་མཐོ་བའི་སྤྱིའི་བགོ་གྲངས་འཚོལ་དགོས། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁའི་སྲིད་གཞུང་གསར་བ་དང་ཀྲུང་གོ་སྲིད་གཞུང་བར་དུ་གྲོས་མོལ་དང་བརྗེ་རེས་བྱེད་པར་ཤུགས་སྣོན་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།