ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“རིམ་པ་བཞིར”བརྟེན་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་སྐྱོད་བླང་བྱ་གཏན་འཁེལ་བྱེད་དགོས་པ་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་སྐྱོད་ཐད། ཚེས27ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེན་ཁའི་རིམ་པ་གཅིག་མཚུངས་མིན་པའི་ས་ཁུལ་གྱི་མི་སྣ་འགྲོ་སྐྱོད་ཀྱི་བླང་བྱར་གསལ་འགྲེལ་བྱས་པ་རེད།

རིམ་པ་དང་པོ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣའམ་ཡང་ན་ཉེ་བའི་ཉིན14ཡི་ནང་ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྲོ་སྡོད་བྱེད་མྱོང་བའི་མི་སྣ་དཔྱིད་གསར་སྐྱེལ་འདྲེན་རིང་འགྲོ་སྐྱོད་བྱ་མི་ཆོག

རིམ་པ་གཉིས་པ། རྩ་དོན་ཐོག་ཉེན་ཁ་འབྲིང་བའི་ས་ཁུལ་གྱི་མི་སྣའམ་ཡང་ན་ཉེ་བའི་ཉིན14ཡི་ནང་ཉེན་ཁ་འབྲིང་བའི་ས་ཁུལ་དུ་འགྲོ་སྡོད་བྱེད་མྱོང་བའི་མི་སྣ་དཔྱིད་གསར་སྐྱེལ་འདྲེན་རིང་འགྲོ་སྐྱོད་བྱ་མི་ཆོག

རིམ་པ་གསུམ་པ། ཉེན་ཁ་ཆུང་བའི་ས་ཁུལ་གྱི་ནང་འདྲེན་གྲང་ཕྲེང་བཟའ་བཅའི་ལས་གཉེར་མི་སྣ་དང་འགག་སྒོར་ཐད་ཀར་ནང་འདྲེན་དངོས་ཟོག་ལ་རེག་ཐུག་བྱེད་མཁན་གྱི་ལས་གཉེར་མི་སྣ། ལོགས་སུ་འཇོག་ཡུལ་གྱི་ལས་དོན་མི་སྣ་སོགས་གཙོ་གནད་མི་ཚོགས་ཞིང་ཆེན་དང་གྲོང་ཁྱེར་ལས་བསྒྲལ་ནས་ཕྱིར་སྐྱོད་པ་དང་དེ་བཞིན་ཞིང་ཆེན་ལས་བསྒྲལ་ནས་གྲོང་གསེབ་ས་ཁུལ་དུ་ལོག་མཁན་ལ་ཉིན7གྱི་ནང་ཚུན་དུ་གོ་ཆོད་པའི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྲིབ་གཤིས་བྱས་འབྲས་འཁྱེར་དགོས།

རིམ་པ་བཞི་པ། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣ་གཞན་དག་གིས་བདེ་ཐང་ཨང་རྟགས་ཀྱི“རྩ་གཉིས་ཨང་རྟགས་ལྗང་ཁུ”ཁྱེར་ནས་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་དགོས།

ཙེང་དབྱི་ཤིན་གྱིས། དཔྱིད་གསར་སྐྱེལ་འདྲེན་རིང་ཕ་ཡུལ་དུ་ལོག་མཁན་ལ་ཉིང་སྐྱུར་བརྟག་དཔྱད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པའི་གནས་ཚུལ་ལ་དམིགས་ནས། ས་གནས་ཁག་གིས་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་དུས་ཚོད་ལ་དམ་འཛིན་གྱིས་ཆེ་རུ་གཏོང་བ་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་ཀྱི་གོ་ཆོད་རང་བཞིན་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་སྟབས་བདེའི་རང་བཞིན་མགྱོགས་མྱུར་ཆེ་རུ་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།