ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྨན་རྫས་གཅིག་སྡུད་ཚད་གཞི་ཉོ་སྡུད་བྱ་བ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྨན་རྫས་གཅིག་སྡུད་ཚད་གཞི་ཉོ་སྡུད་བྱ་བ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས། 

བསམ་འཆར་ལས་བསྟན་དོན། ཚོང་ར་གཙོ་ཁྲིད་ཡིན་པའི་སྨན་རྫས་རིན་གོང་ཆགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྨན་བཅོས་འགན་སྲུང་ཐེབས་རྩའི་འཐབ་ཇུས་རང་བཞིན་གྱི་ཉོ་སྡུད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། སྲིད་གཞུང་གིས་རྩ་འཛུགས་དང་མཉམ་འབྲེལ་སྒོས་ཉོ་སྡུད། སྟེགས་བུའི་སྟེང་བཀོད་སྒྲིག་བྱེད་པའི་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བར་མ་ཟད། སྨན་རྫས་རིན་གོང་ཕྱིར་ལུགས་མཐུན་གྱི་ཆུ་ཚད་བསླེབ་པར་སྐུལ་ཁྲིད་བྱས་ནས། ནུས་ལྡན་སྒོས་མང་ཚོགས་ཀྱི་སྨན་བཀོལ་ཁུར་བོ་ཇེ་ཡང་དུ་གཏོང་དགོས། གཅིག ཁེབས་རྒྱའི་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱེད་དགོས། གཉིས། ཉོ་སྡུད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། གསུམ། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། བཞི། ཆ་ཚང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ལྔ། འཁོར་སྐྱོད་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།