ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལའོ་ཕའེ་སིར་འཚམས་འདྲི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་ཞི་ཁོའི་ཙུང་ཐུང་ལའོ་ཕའེ་སིར་གློག་འཕྲིན་བཏང་ནས་ལའོ་ཕའེ་སིར་པྲོག་གསར་གློ་ཚད་ནད་དུག་བྱུང་བར་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་འཚམས་འདྲི་གློག་འཕྲིན་ཁྲོད་བསྟན་དོན། ཙུང་ཐུང་སྐུ་ཞབས་ལ་པྲོག་གསར་གློ་ཚད་ནད་དུག་བྱུང་བ་ཤེས་ནས་ངས་ཁྱེད་ལ་འཚམས་འདྲི་ཞུས་པ་ཡིན་ལ། ཁྱེད་རང་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་རིམས་ནད་འགོག་བཅོས་བྱས་ཤིང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་མའོ་ཞི་ཁོ་སྲིད་གཞུང་དང་མའོ་ཞི་ཁོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཙུང་ཐུང་སྐུ་ཞབས་དང་མའོ་ཞི་ཁོ་སྲིད་གཞུང་གི་འགོ་ཁྲིད་འོག   མའོ་ཞི་ཁོ་ཕྱོགས་ཀྱིས་སྔ་མོ་ནས་རིམས་ནད་ལས་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།