ཀྲུང་གོ་བོད་ཀྱི་དྲ་བ།

ཚེས26ཉིན་གསར་དུ་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ75ཡོད་པ་དེའི་ཁྲོད་དུ་དང་ས་གནས་ཀྱི་ནད་པ55ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།  ཟླ1པོའི་ཚེས27ཉིན།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་སྟེ་ཟླ1པོའི་ཚེས26ཉིན་གྱི་དུས་ཚོད0-24བར།  ཞིང་ཆེན31དང་(རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར)ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ75ཡོད་པ་དང་།  དེའི་ཁྲོད་དུ་ཕྱི་འབྲེལ་ནད་པ20ཡོད་པ་དང་།(ཀོང་ཏུང་དུ་ནད་པ7དང་ཧྲང་ཧའེ་རུ་ནད་པ5།  ཀན་སུའུ་རུ་ནད་པ4།  ཐེན་ཅིན་དུ་ནད་པ2།  ཅང་སུའུ་རུ་ནད་པ1།  སི་ཁྲོན་དུ་ནད་པ1བཅས་ཡོད།)  ས་གནས་ཀྱི་ནད་པ55ཡོད།(ཧའེ་ལུང་ཅང་དུ་ནད་པ29དང་ཅི་ལིན་དུ་ནད་པ14།  ཧོ་པེ་རུ་ནད་པ7།  པེ་ཅིན་དུ་ནད་པ4།  ཧྲང་ཧེ་རུ་ནད་པ1།)  ཤི་བའི་ནད་པ་མེད་པ་དང་དོགས་ཡོད་ཅན་གྱི་ནད་པ1ཡོད་ཅིང་དེ་ནི་ས་གནས་ཀྱི་ནད་པ་ཡིན་ལ་ཧྲན་ཞི་རུ་ཡོད་ཅེས་སྙན་ཞུ་བྱས།

ཉིན་དེར་དྲག་སྐྱེལ་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ98ཡོད་པ་དང་སྨན་བཅོས་ལྟ་ཞིབ་དང་ཁ་བྲལ་བའི་ནད་པ1607ཡོད་ཅིང་།  ནད་གཞི་ལྕི་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན1གིས་ཇེ་མང་དུ་སོང་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།