ལིས་ཁི་ཆང་གིས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ལིན་ཀྲིན་ཡེའོ་ཨི་དང་ཧི་དབྱི་ཁྲིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན།

1.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་ཡིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན།

2.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བྱ་བ་ཡར་ཞུ་བྱེད་པར་ཞུགས།

ལིན་ཀྲིན་ཡེའོ་ཨི་ཡིས་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས། ལིས་ཁི་ཆང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཞང་ཀང་ལ་མཚོན་ན་ཧ་ཅང་འགྲན་རྩོད་ཆེ་བའི་ལོ་ཞིག་ཡིན། རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་ནང་གི་ཁོར་ཡུག་མདུན་དུ་ཁྱོད་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ལ་འགོ་ཁྲིད་དེ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ། དམངས་ཀྱི་དཀའ་ཁག་ཁྱད་སེལ། སྤྱི་ཚོགས་བརྟན་འཇགས་བཅས་ཀྱི་ཐད་འབད་བརྩོན་བྱས་པར་མ་ཟད། ཧུར་ཐག་སྒོས་ཀྲུང་དབྱང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་། ཞང་ཀང་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་། ཀྲུང་དབྱང་གིས་ཁྱོད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་ཟེར།

ལིན་ཀྲིན་ཡེའོ་ཨི་ཡིས་བཤད་དོན། ལོ་གསར་བའི་ནང་དུ་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ། དམངས་ཚིས་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ། ཞང་ཀང་ནི་རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་། མཁའ་སྐྱེལ་བཅས་ཀྱི་ལྟེ་གནས་ཡིན་པའི་གོ་གནས་སྲ་བརྟན་དུ་བཏང་ནས། རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་འཛུགས་སྐྲུན་བྱེད་པ་ཡིན་ཟེར།

ཧི་དབྱི་ཁྲིན་གྱིས་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས། ལིས་ཁི་ཆང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་ཐེབས་པའི་མདུན་དུ། ཁྱོད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། དུས་ཐོག་ཏུ་དམིགས་ཡུལ་རང་བཞིན་གྱི་སྲིད་ཇུས་གཏན་འཁེལ་བྱས་ཏེ་དཔལ་འབྱོར་བརྟན་འཇགས་སུ་བཏང་བ་དང་ལས་ཞུགས་ལ་འགན་སྲུང་བྱས་པ། དམངས་ཀྱི་དཀའ་ཁག་ཁྱད་སེལ་བྱས་པར་མ་ཟད། རིམས་ནད་བརྟན་འཇགས་ཡིན་པའི་རྗེས་སུ་གོ་སྐབས་དམ་འཛིན་བྱས་ནས་དཔལ་འབྱོར་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཨོ་མིན་དང་ཀོང་ཏུང་བར་གྱི་མཉམ་ལས་ལས་གཞི་མྱུར་དུ་ལག་བསྟར་བྱས་ནས་ཨོ་མིན་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། ཀྲུང་དབྱང་གིས་ཁྱོད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་ཟེར།

ཧི་དབྱི་ཁྲིན་གྱིས་བཤད་དོན། ལོ་གསར་བའི་ནང། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་མ་ཟད་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ཨོ་མིན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།