ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཧི་དབྱི་ཁྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་གྱི་ཕྱི་དྲོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་གྱི་ཕྱི་དྲོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན། ཧི་དབྱི་ཁྲིན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་རིང་ལ་བསྒྲུབས་པའི་བྱ་བ་དང་དེང་སྐབས་ཀྱི་གནས་བབ་ཡར་ཞུ་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་འགོག་བཅོས་ཀྱི་དགོས་མཁོ་ལྟར། ཐེངས་འདིར་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཁྱོད་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན་པ་ཡིན། ཉིས་སྟོང་ཉི་ཤུ་ལོ་ནི་ཁྱོད་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བ་སྒྲུབ་འགོ་ཚུགས་པའི་ལོ་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཁྱོད་ཚོས་མྱུར་དུ་ནུས་ལྡན་བྱེད་ཐབས་སྤྱད་དེ་དུས་ཡུན་ཐུང་ངུའི་ནང་རིམས་ནད་ཚོད་འཛིན་བྱས་པ་དང་། ད་ལྟའི་བར་རང་ས་གནས་སུ་པྲོག་གསར་གློ་ཚད་རིམས་ནད་གཅིག་ཀྱང་མ་བྱུང་བས། ཨོ་མིན་སྡོད་དམངས་དང་འབྲེལ་ཡོད་ཕྱོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ། རིམས་ནད་འགོག་བཅོས་བྱེད་པ་དང་མཉམ་དུ་ཁྱོད་ཚོས་ནུས་ལྡན་བྱེད་ཐབས་སྤྱད་དེ་དཔལ་འབྱོར་སླར་གསོ་བྱས་ཤིང་མང་ཚོགས་ཀྱི་དཀའ་ཁག་ཁྱད་སེལ་བྱས་པ་དང་ཕན་འབྲས་བཟང་བོ་ཐོབ་པར་མ་ཟད་ཨོ་མིན་གྱི་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བཏང་། ཁྱོད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཀྲུང་དབྱང་སྲིད་གཞུང་གིས་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་ཟེར།

ཧི་དབྱི་ཁྲིན་གྱིས་ཀྲུང་དབྱང་གིས་ཨོ་མིན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཁོས་མུ་མཐུད་དུ་ཨོ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་དང་འབྲེལ་མཐུད་བྱེད་པར་མ་ཟད། ཧུར་ཐག་སྒོས་ཨོ་མིན་གྱི་ཁྱད་ཆོས་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།