ཚན་རིག་པས་འཇིག་རྟེན་ཁམས་ཀྱི་ཆེས་རྒྱང་རིང་གི་ཐོག་མའི་སྐར་ཚོམས་ཤེས་རྟོགས་བྱུང་བ།

ཉེ་ཆར། ཀྲུང་གོ་དང་ཕྱི་རྒྱལ་ཀྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་འཇིག་རྟེན་མུན་ནག་གི་ཁམས་ཀྱི་བརྟན་སྐར་སྐར་ཚོགས་ལ་ལྟ་ཞིབ་བྱས་ནས་ཤེས་རྟོགས་གསར་བ་རྙེད་ཡོད་དེ། འོད་ཤེལ་ཀྱིས་མཐོང་ཐུབ་པའི་ཆེས་རྒྱང་རིང་བའི་ཐོག་མའི་སྐར་ཚོམ་འཇིག་རྟེན་ཤིག་རྙེད་ཡོད་པ་དང་། དེར་ལོ་ངོ་དུང་ཕྱུར7.7གྱི་ལོ་རྒྱུས་ལྡན། འདིའི་ཞིབ་མཇུག་འབྲས་བུ་དེ་ཚེས26ཉིན་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང·གནམ་དཔྱད་རིག་པ》སྟེང་ཆེས་ཐོག་མར་བཀོད་ཡོད། 

ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་ཞིབ་མཇུག་རུ་ཁག་གིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནི་བརྟན་སྐར་ཚོགས་འདུས་མ་ཞིག་ཡིན་ལ། དེའི་ནང་དུ་བརྟན་སྐར་ཚོགས་པ་མང་པོ་ཡོད་ནའང་། དེ་ད་ལྟའི་བརྟན་སྐར་སྐར་ཚོམ་འཐུས་ཚང་ཞིག་ཞིག་མིན་པར། སྐར་ཚོམ་ཀྱི་བྱིས་དུས་ཀྱི་རྣམ་པ་ཞིག་དང་མཚུངས། དཔེར་བཞག་ན། ང་ཚོའི་འཇིག་རྟེན་ལོ100ལོན་པར་ཆ་བཞག་ན། སྐར་ཚོམས་དེ་ལོ་དྲུག་ལོན་པའི་དུས་སྐབས་ཀྱི་འདྲ་པར་ཞིག་ལ་བལྟ་བཞིན་པ་དང་མཚུངས་ཞེས་ངོ་སྤྲོད་གནང་ཡོད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།