ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསར་དུས་ཆེན་རིང་གཟའ་འཁོར་རེར་ཀྲུང་དབྱང་གི་གསོག་ཤ་ཏུན་ཁྲི2ནས་ཁྲི3རྩ་འཛུགས་ཕྱིར་གཏོང་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་་གློག་འཕྲིན་ལྟར། ཟླ1པོའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ནང་རྐྱེན་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱིས་ལས་གནས་སུ་དཔྱིད་གསར་དུས་ཆེན་ལ་རོལ་བའི་ཞབས་ཞུར་འགན་སྲུང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོང་དོན་པུའི་འཛད་སྤྱོད་སྐུལ་འདེད་སིའི་སི་ཀྲང་ཀྲུའུ་ཞའོ་ལེའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དགའ་སྤྲོའི་ངང་རོལ་ཐུབ་པར་ཁག་ཐེག་བྱ་ཆེད། ཚོང་དོན་པུས་ཚོང་ཟོག་ཕྱིར་གཏོང་གི་རྩ་འཛུགས་ལ་ཤུགས་སྣོན་རྒྱབ་ནས། དཔྱིད་གསར་དུས་ཆེན་རིང་གཟའ་འཁོར་རེར་ཀྲུང་དབྱང་གི་གསོག་ཤ་ཏུན་ཁྲི2ནས་ཁྲི3རྩ་འཛུགས་ཕྱིར་གཏོང་བྱས་ཏེ་ཁྲོམ་རའི་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།