ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཁེ་ཕོགས་བརྒྱ་ཆའི4.1འཕར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱིས་ཁེ་ཕོགས་སྒོར་དུང་ཕྱུར64516.1མངོན་འགྱུར་བྱུང་ཞིང་། ན་ནིང་ལས་བརྒྱ་ཆའི4.1འཕར།

2020ལོར། བཟོ་ལས་ལས་རིགས་ཆེན་པོ41ཁྲོད། ལས་རིགས26གི་ཁེ་ཕོགས་སྤྱི་གྲངས་དུས་མཉམ་ལས་འཕར་བ་དང་། ལས་རིགས15ཉུང་དུ་སོང་ཞིང་། དེའི་ཁྲོད། ཆེད་སྤྱོད་སྒྲིག་ཆས་ལས་བསྣོན་ཁེ་ཕོགས་སྤྱི་འབོར་ན་ནིང་ལས་བརྒྱ་ཆའི24.4འཕར་བ་དང་། རྫས་འགྱུར་མ་བཅོས་རྒྱུ་ཆ་དང་རྫས་འགྱུར་ལས་བསྣོན་ལས་རིགས་བརྒྱ་ཆའི20.9འཕར། མདོག་ལྡན་ལྕགས་རིགས་བཙོ་སྦྱངས་དང་བཟོ་ལས་བརྒྱ་ཆའི20.3འཕར་བ་དང་། རྩིས་འཁོར་དང་། འཕྲིན་གཏོང་། དེ་མིན་གློག་རྡུལ་སྒྲིག་ཆས་ལས་བསྣོན་བརྒྱ་ཆའི17.2འཕར་བ་དང་། རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས་བརྒྱ་ཆའི83.2མར་ཆགས་ཤིང་། རྡོ་སོལ་སྔོག་འདོན་དང་འཁྲུ་འདེམས་ལས་རིགས་བརྒྱ་ཆའི21.1མར་ཆགས།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ12པར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་ཕོགས་དུས་མཉམ་ལས་བརྒྱ་ཆའི20.1འཕར་བ་དང་། འཕར་བསྣོན་མྱུར་ཚད་དེ་ཟླ11པ་ལས་བརྒྱ་ཆའི་ཆ4.6ཡིན་ཞིང་། ཟླ5བར་ཟླ་རེའི་འཕར་ཚད་ལྡོག་མ་ནས་དངོས་མར་བསྒྱུར་རྗེས། བསྟུད་མར་ཟླ7རིང་གྲངས་གནས་གཉིས་ཀྱིས་འཕར་བསྣོན་བྱུང་།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།