ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཏེ་སོ་སའོ་ཕུའུ་ཐའོ་ཡའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་སེ་ལོ·ཏེ་སོ་སའོ་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་ཁོ་རང་ཕུའུ་ཐའོ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ན་ནིང་ཚུན་ལ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་འབྲེལ་བར་རིམས་ནད་ཀྱིས་ཉམས་ཚོད་ལེན་པ་བརྒྱུད། སྲོལ་རྒྱུན་མཛའ་མཐུན་གྱིས་སྐྱེ་སྟོབས་གསར་པ་མངོན་ཡོད་པ་དང་། རིམས་ནད་འགོག་པའི་འཕྲོད་བསྟེན་མཉམ་ལས་ཐད་ལ་གོམ་སྟབས་གསར་བ་སྤོས། དངོས་གཉེར་མཉམ་ལས་ལ་རྒྱུན་མཐུད་ངང་འཕེལ་རྒྱས་གསར་པ་བྱུང་ཡོད། ངས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་ཏེ་སོ་སའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡ་བར་གྱི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།