འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ཁྲི98794942ལ་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས25ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས25ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་དུ་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ཁྲི98794942ལ་སླེབས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས25ཉིན་གྱི་དུས་ཚོད17དང་སྐར་མ30སྟེང་། འཛམ་གླིང་སྟེང་གཏན་འཁེལ་བྱས་པའི་ནད་པའི་གྲངས་ཀ་དེ་སྔོན་གྱི་ཉིན་ལས514098མང་དུ་ཕྱིན་ཏེ།98794942ལ་སླེབས་ཤིང་། ཤི་བའི་ནད་པ11434ལ་གསར་བསྣོན་བྱུང་ནས2124193ལ་སླེབས་འདུག

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།