ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་མི་དམངས་མང་ཚོགས་ཀྱིས་རང་ས་རང་ཡུལ་ནས་ལོ་སར་བར་འགན་སྲུང་བྱེད་དགོས་པའི་སྐོར་ནས་བརྡ་ཐོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། མི་དམངས་མང་ཚོགས་ཀྱིས་རང་ས་རང་ཡུལ་ནས་ལོ་སར་བར་ཞབས་ཞུ་དང་འགན་སྲུང་བྱེད་པའི་སྐོར་གྱི་བརྡ་ཐོ་ཞེས་པ་དཔར་ནས་བཀྲམ།

བརྡ་ཐོ་ལས་བླང་བྱ་བཏོན་དོན། ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་རང་ས་རང་ཡུལ་ནས་ལོ་སར་བར་སྣེ་འདོམས་བྱེད་རྒྱུ་དང་། རིམས་ནད་ཆེར་རྒྱས་པའི་ས་ཁུལ་གྱི་མང་ཚོགས་གནས་གཞན་དུ་མི་འགྲོ་བར་རང་ཉིད་འདུག་ས་ནས་ལོ་སར་རྒྱུ། མིའི་འགྲོ་འོང་གི་ཚད་ཇེ་ཉུང་དུ་གཏོང་རྒྱུ། མིའི་འགྲོ་འོང་ལ་བརྟེན་ནས་རིམས་ནད་ཁྱབ་པ་སྔོན་འགོག་བྱེད་དགོས། རིམས་ནད་འབྲིང་ཡིན་པའི་ས་ཁུལ་གྱི་མང་ཚོགས་ཀྱིས་ཀྱང་རྩ་དོན་ལྟར་ན་རང་ཉིད་འདུག་ས་ནས་ལོ་སར་རྒྱུ་དང་། གལ་ཏེ་ཅིས་ཀྱང་འགྲོ་དགོས་བྱུང་ན། ས་གནས་དེ་གའི་རིམས་ནད་འགོག་སྡོམ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས། རིམས་ནད་ཅུང་ཆུང་བའི་ས་ཁུལ་གྱི་མང་ཚོགས་ཀྱིས་ཀྱང་རང་ཉིད་འདུག་ས་ནས་ལོ་སར་རྒྱུ་དང་། ཅིས་ཀྱང་འགྲོ་དགོས་ལ་མ་ཐུག་ན་འགྲོ་འོང་མི་བྱེད་རྒྱུ། མང་ཚོགས་ལོ་སར་སྐབས་ཀྱི་གླ་ཕོགས་དང་གུང་གསེང་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ་དང་། ལས་གནས་སྟེང་ནས་ལས་བཟོ་བ་ཉར་རྒྱུ་དང་གླ་ཕོགས་ལ་བརྟེན་ནས་ལས་བཟོ་བ་འགུགས་དགོས། རང་ས་རང་ཡུལ་ནས་ལོ་སར་བའི་མང་ཚོགས་ལ་ཞབས་ཞུ་དང་འགན་སྲུང་གང་ལེགས་འདོན་སྤྲོད་བྱས་ཏེ། ལོ་སར་གྱི་རྣམ་པ་ལེགས་པོ་བསྐྲུན་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་བློ་བདེ་སེམས་སྐྱིད་ངང་ལོ་གསར་བསུ་བར་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།