ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པེ་ཅིན་ནས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་ཁོངས་མིར་མཇལ་འཕྲད་གནང་། ཁོང་གིས་བསྟན་དོན། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པ་ནི་ཏང་གིས་འགོ་ཁྲིད་པའི་མང་ཚོགས་ཚོགས་པ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་ཀྲུང་དབྱང་གི་མང་ཚོགས་ཚོགས་པའི་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ།  ཁྱོན་ཡོངས་གཉིས་ལ་བསམ་བློ་གཏོང་བ་དང་འགན་འཁྲི་དང་ལས་འགན་ཡིད་ལ་དམ་པོར་བཅངས་ཤིང་། རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་སློབ་མར་སྣེ་ཁྲིད་བྱས་ཏེ་སློབ་གཉེར་ཕུགས་འདུན་དང་མི་ཚེའི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་ཟུང་འབྲེལ་བྱེད་པ་དང་སྟོབས་དང་ལྡན་པའི་བློ་གྲོས་དང་ནུས་པ་གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཝང་དབྱང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་བྱས་པར་མ་ཟད། སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མི་སྣ་ནི་ཏང་དང་མི་དམངས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་དུས་རབས་གསར་བའི་ཕྱི་རྒྱལ་དུ་སློབ་གཉེར་བྱེད་པའི་མི་སྣའི་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱས་ནས། ཕྱི་རྒྱལ་དུ་སློབ་གཉེར་བྱེད་པའི་མི་སྣས་ནུས་པ་ཆེན་པོ་འདོན་པར་སྣང་ཚུལ་བཟང་བོ་ཞིག་སྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།