ཀྲུང་གོ་བོད་ཀྱི་དྲ་བ།

ས་གང་དུ་ལོ་གསར་རོལ་བའི་ཐད་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས་ཡིག་ཆ་བཀྲམ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《མི་དམངས་མང་ཚོགས་ཀྱིས་ལས་གནས་སུ་ལོ་གསར་གཏོང་བའི་ཞབས་ཞུའི་འགན་ལེན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་པ་རེད། 《བརྡ་ཐོའི》ནང་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་ལས་གནས་སུ་ལོ་གསར་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་བསྟན་ཡོད། 

རིམས་ནད་ཉེན་ཆེའི་ས་ཁུལ་མང་ཚོགས་ཚང་མས་ལས་གནས་སུ་ལོ་གསར་གཏོང་དགོས་པ་དང་མི་སྣ་འགྲོ་སྐྱོད་བྱེད་ཚད་ཆེས་དམའ་བར་གཏོང་དགོས།    

རིམས་ནད་ཉེན་འབྲིང་ས་ཁུལ་མང་ཚོགས་རྩ་དོན་ཐོག་ནས་ལས་གནས་སུ་ལོ་གསར་གཏོང་དགོས་ཤིང་། དམིགས་བསལ་གནས་ཚུལ་གྱིས་འགྲོ་སྐྱོད་བྱེད་དགོས་ཚེ་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས།

རིམས་ནད་ཉེན་ཆུང་ས་ཁུལ་མང་ཚོགས་ལས་གནས་སུ་ལོ་གསར་གཏོང་བར་འབོད་སྐུལ་བྱེད་པ་དང་ངེས་བར་དུ་འགྲོ་མི་དགོས་ཚེ་ཕྱིར་མི་འགྲོ་བ།     

ལས་ཁུངས་དང་བྱ་ལས་སྡེ་ཚན། རྒྱལ་གཉེར་ཁེ་ལས་བཅས་ཀྱི་མི་སྣས་རང་ཉིད་ནས་སྣེ་ཁྲིད་དེ་ལས་གནས་སུ་ལོ་གསར་རོལ་དགོས།    

གཞན་ཡུལ་དུ་ཡོད་པའི་ཞིང་པ་དང་ལས་ཀ་བ། སློབ་གྲྭ་དང་བྲལ་མེད་པའི་དགེ་སློབ་ཀྱིས་ས་གནས་དེ་རུ་ལོ་གསར་གཏོང་བར་ཁྲིད་སྟོན་བྱ་དགོས།    

འགྲོ་སྐྱོད་བྱེད་དགོས་པའི་མི་སྣ་རྩ་དོན་ཐོག་ཉེན་ཆེ་དང་ཉེན་འབྲིང་ས་ཁུལ་དུ་འགྲོ་མི་ཆོག

འཚོ་བའི་དངོས་རྫས་འགན་ལེན་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ལ་ཤུགས་བསྣན་ཏེ་འཚོ་བའི་མཁོ་རྫས་བཙོང་རྒྱུ་དང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་དགོས།    

ལས་གནས་སུ་ལོ་གསར་རོལ་བའི་མང་ཚོགས་ཀྱི་དོ་དམ་ཞབས་ཞུ་ཡག་པོ་བསྒྲུབས་ནས་དགོས་མཁོ་དུས་ཐོག་ཏུ་སྐོང་ཐུབ་པ་བྱ་དགོས།    

མང་ཚོགས་ཀྱི་འགྲོ་སྐྱོད་སྟབས་བདེ་དང་གོ་རིམ་ལྡན་པ། ཟོག་འདྲེན་འཁོར་རྒྱུག་ཤར་གཏོང་ཐུབ་རྒྱུར་ཁག་ཐེག་བྱས་ནས་ལས་གནས་སུ་ལོ་གསར་གཏོང་བའི་མང་ཚོགས་ཀྱི་ཉོ་སྒྲུབ་དང་སྤྲོ་གསེང་། རོལ་རྩེད་སོགས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས།    

ལས་གནས་སུ་ལོ་གསར་རོལ་སྐབས་མང་ཚོགས་ཀྱི་གླ་ཕོགས་དང་གུང་གསེང་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཏེ་ལས་གནས་སུ་ལས་བྱེད་དང་ཕོགས་ཡོད་ལས་བྱེད་ལ་ཤུགས་རྒྱག་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།