ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་པེ་ཅིང་ནས་ཚོགས་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་སོ་གསུམ་ཞུགས་པ་དང་མི་ཉིས་བརྒྱ་དང་ང་གསུམ་ཟུར་ཞུགས་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་མཛད། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་སྤྱི་བསྡོམས་བྱས་ཤིང་། ཉིས་སྟོང་ཉེར་གཅིག་ལོའི་ལས་འགན་བཀོད་སྒྲིག་བྱས་པ་དང་། བློ་མཐུན་ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་དུས་རབས་གསར་བར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་དང་གོ་བ་ཟབ་མོ་བླངས། ཚང་མས་གཅིག་གྱུར་སྒོས་བལྟས་ན། གསུང་བཤད་ལས་འདས་པའི་ལོ་གཅིག་གི་ནང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་གསར་བ་དང་ལས་འགན་གསར་བ་རྒྱས་བཤད་བྱས་ཡོད་པར་མ་ཟད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་སྐབས་ཐོག་མར་ཆབ་སྲིད་ཐད་ནས་བལྟས་ན་མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྣེ་ཁྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་རྟོག་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དམིགས་འབེན་དང་ལས་འགན་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། གསུང་བཤད་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱང་རིང་ལ་དམིགས་པའི་འཐབ་ཇུས་དང་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་ཁག་ཁུར། དམངས་དོན་ཁོ་ན་བསམ་པའི་བླ་མེད་སྤྱོད་ཚུལ། ཏང་དར་རྒྱལ་སྟོབས་ཀྱི་འགན་འཁྲིའི་བརྩེ་སེམས་བཅས་གང་ལེགས་སྒོས་མངོན་པར་བྱས་པ་དང་། དེ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་ལྡན་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་བསྲུང་བྱ་ཡིན་པ་དང་། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཕྱོགས་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་ལ་རེ་སྒུག་ཆེན་པོ་བྱས་ཡོད་པ་དང་རེ་བ་གསལ་བོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རང་འགུལ་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ་དང་། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་ཞིང་འགན་འཁྲི་དང་ལེན་དང་ཁག་ཁུར། ལག་བསྟར་བཅས་བྱས་ནས། རྦད་ཆོད་སྒོས་ཚང་འཛོམས་གྲོས་ཚོགས་སྟེང་བཀོད་སྒྲིག་བྱས་པའི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་པར་སྙམ།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བ་དང་ལས་འགན་ལྕི་བའི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་འགན། ལྷག་པར་དུ་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཡོངས་སུ་ལོ་བརྒྱ་ལ་བྱུང་མ་མྱོང་བའི་སྒྱུར་བཅོས་ཆེན་པོར་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་ཞིང་དཀའ་ཁག་ཁྱད་སེལ་དང་ཉེན་ཁ་ཞི་འཇགས་སུ་བཏང་བ་དང་མུ་མཐུད་དུ་མདུན་སྐྱོད་དང་གསར་གཏོད་གསར་སྐྲུན་བྱས་ཤིང་། ཐེངས་མང་ཕམ་ཡང་ཡིད་མི་ཆད་པའི་སྒོ་ནས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་བ་དེ་ལས་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་ཁྱད་སྟོབས་གསལ་བོར་མངོན་པར་བྱས་ཡོད། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་པ་དང་།  ཆབ་སྲིད་ཀྱི་མཐོ་ཚད་དང་རང་རྟོགས་སྒོས་སྲུང་སྐྱོབ་གཉིས་ཀྱི་འགན་འཁྲི་ལྕི་མོ་ཁག་ཁུར་བྱས་ལ། གཟབ་ནན་གྱི་དགོངས་གཞི་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱས་པ་དང་བརྟན་འཇགས་ལ་ཤུགས་བསྣན་ཞིང་། རིམས་ནད་ལ་འགོག་རྒོལ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་སོགས་ཀྱི་བྱ་བའི་ཁྲོད་དུ་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་ཆབ་སྲིད་ལྟ་སྐུལ་ཇེ་དྲག་ཏུ་བཏང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་བསྟུད་མར་བཅོས་སྒྱུར་བྱས་ནས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྣང་ཚུལ་ཡང་བསྐྱར་འབྱུང་བར་བཀག་འགོག་བྱས། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་བརྟན་སྲུང་བྱས་པ་དང་། སྐོར་གཟིགས་ཀྱི་ཡོ་བསྲང་དང་གྲུབ་འབྲས་བཀོལ་སྤྱོད་དམ་འཛིན་ལེགས་པོ་བྱས་ཏེ། སྐོར་གཟིགས་སྐོར་ཞིབ་ཐད་གོང་འོག་མཉམ་འབྲེལ་བྱེད་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཆེད་འགན་ལྟ་སྐུལ་ནུས་པ་བཏོན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དེ་ལྟ་སྐུལ་གཞན་དག་དང་མཉམ་འདྲེས་ཡོང་བར་ཡར་སྐུལ་བྱས་ནས། འགོ་ཁྲིད་དང་པོའི་ལྟ་སྐུལ་དང་རིམ་མཚུངས་ལྟ་སྐུལ་གྱི་དཀའ་གནད་ཧུར་ཐག་གིས་སེལ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་འཐབ་ཇུས་དམིགས་འབེན་གཞི་གཅིག་ཏུ་སྐུལ་སྤེལ་བྱས་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་གྱོད་དོན་ལ་ཆད་པ་མཐའ་གཅིག་ཏུ་བཅད་ཅིང་། དངུལ་རྩ་དང་རྒྱལ་གཉེར་ཁེ་ལས། སྲིད་ཁྲིམས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ལ་རྒོལ་བའི་བྱ་བ་ཟབ་སྤེལ་བྱས་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཧུར་ཐག་གིས་ཡོ་བསྲང་བྱས་ལ། རྣམ་པ་བཞི་གནད་འཁེལ་གྱིས་བཀོལ་སྤྱོད་བྱས་ནས། གྱོད་གཞི་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་བའི་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རང་སྟེང་གི་ཚོད་འཛིན་ཇེ་དྲག་ཏུ་བཏང་ལ། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱས་ཏེ། སྒྲོན་འོག་མུན་པ་ལྟ་བུའི་སྣང་ཚུལ་འབྱུང་བར་བཀག་འགོག་མཐའ་འཁྱོལ་བྱས། ཚང་འཛོམས་གྲོས་ཚོགས་སྟེང་འདས་པའི་ལོ་གཅིག་གི་ལག་ལེན་ཁྲོད་བྱུང་བའི་ངོས་འཛིན་སྤྱི་སྡོམ་བྱས་པ་དང་། བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་མཉམ་དུ། དངོས་ཐོག་བདེན་འཚོལ་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་དང་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ཐད་གནས་པའི་གནད་དོན་གཙོ་བོར་དབྱེ་ཞིབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་དངོས་སུ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་བཏོད་པའི་ལོ་དང་པོ་ཡིན་ལ། ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོའང་ཡིན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་དགོས་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནས་རྐང་ཚུགས་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྒྲུབ་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་འཛིན་པ། བློ་བརྟན་འགྱུར་མེད་ངང་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་ལེགས་བཅོས་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕན་འབྲས་ལྡན་ཞིང་ནུས་ལྡན་སྒོས་དངོས་འབེབས་བྱེད་པ། དེང་རབབས་ཅན་འཛུགས་སྐྲུན་དཀྱིལ་སྙིང་དུ་བཟུང་ནས་ལྟ་སྐུལ་འགན་སྲུང་གི་ལག་བསྟར་ནུས་པ་དང་ལེགས་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལམ་ལུགས་ཀྱི་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་སྤེལ་བ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་རྩོམ་པར་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་པ་དང་། གྲུབ་འབྲས་ཁྱད་འཕགས་ལ་བརྟེན་ནས་ཏང་བཙུགས་ཏེ་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་བླང་བྱ་འདི་ལྟར་བཏོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་ཀྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཆབ་སྲིད་ལྟ་སྐུལ་འབུར་དུ་ཐོན་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་གཞི་འབུར་དུ་ཐོན་པར་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ལེགས་སྒྲིག་བྱ་བ་སྔར་ལས་འབུར་དུ་ཐོན་པར་བྱེད་པ། ལྟ་སྐུལ་བཅོས་སྐྱོང་ཕན་འབྲས་སྔར་ལས་འབུར་དུ་ཐོན་པར་བྱེད་པ། བརྩེ་བ་ཆེན་མོ་ཟུང་དུ་སྦྲེལ་བ་སྔར་ལས་འབུར་དུ་ཐོན་པར་བྱེད་པ། ཚོད་འཛིན་གྱི་གལ་ཆེན་རང་བཞིན་རྟོགས་པར་བྱེད་པ། སྤྱོད་གཙང་སྲིད་གཙང་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པར་བྱེད་པ། ལྟ་སྐུལ་མ་ལག་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་སྔར་ལས་ཟབ་མོར་འདྲེས་པར་བྱེད་པ། བཅོས་སྐྱོང་གི་ཕན་འབྲས་སྔར་ལས་ཆེན་པོ་འདོན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱེད་ནུས་གལ་ཆེན་འདོན་དགོས།

གཅིག རང་རྟོགས་སྒོས་སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་འགན་སྲུང་སྟོབས་ལྡན་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་ལག་བསྟར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་བཞེད་དགོངས། བྱེད་ཐབས་བཅས་བཀོལ་ནས་གནད་དོན་དངོས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྒྲུབ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་དམ་སྲུང་བྱེད་པ་སོགས་ཀྱི་ཇུས་ཆོད་གལ་ཆེན་དཀྱིལ་སྙིང་དུ་འཛིན་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་ལ་རང་རྟོགས་སྒོས་ཚོད་འཛིན་བྱེད་ཐུབ་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ནང་མཁོའི་འཐབ་ཇུས་ཀྱི་རྨང་རྟེན་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་འོས་འགན་གཙོ་བོ་དམ་འཛིན་བྱེད་པ། ཞིང་གསུམ་གནད་དོན་ཐག་གཅོད་གང་ལེགས་བྱེད་རྒྱུ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་བླང་བྱ་དཀྱིལ་སྙིང་དུ་འཛིན་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་དངོས་འབེབས་དོན་གནས་ལ་ལྟ་སྐུལ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་འདུ་ཤེས་དང་བསམ་ཕྱོགས། ལམ་ལུགས། སྒྲིག་ལུགས་བཅས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཞབས་ཞུས་དེང་རབས་ཅན་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་ཕན་འབྲས་ལྡན་པའི་བྱེད་ཕྱོགས་ལག་བསྟར་དང་འཚོལ་དཔྱོད་བྱེད་པ་བཅས་ལ་འབད་དེ། སྲིད་གཙང་འཛུགས་སྐྲུན་དང་སྲིད་གཙང་བབ་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

གཉིས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་ནས་མུར་སྤེལ་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་གྱོད་གཞིར་རྩད་ཞིབ་དང་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་འཛིན་དགོས་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་དངུལ་གཏོང་ནུས་པ།  ཐོན་ཁུངས་གཅིག་བསྡུས་ཁྱབ་ཁོངས་དང་ལས་རིམ་ཁྱབ་ཁོངས་གཅིག་བསྡུས་བྱེད་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ལས་གཞིའི་ཞིབ་བཤེར་ཆོག་འཐུས། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར། སྤྱི་པའི་ཐོན་ཁུངས་བརྗེ་རེས། ཚན་རིག་ཞིབ་འཇུག་དོ་དམ་སོགས་ཕྱོགས་ཀྱི་རུལ་སུངས་གནད་དོན་རྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་རྒོལ་བའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། རྒྱལ་དབང་ཁེ་ལས་ཀྱི་རུལ་སུངས་གནད་དོན་ལ་མུ་མཐུད་དུ་ཆད་གཅོད་ལེགས་བཅོས་བྱེད་པ། ཆབ་སྲིད་མ་ལག་གི་རུལ་སུངས་ཆད་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་རྗེས་འདེད་ཆད་གཅོད་གཏིང་ཟབ་ཏུ་སྤེལ་དགོས། རྩ་ལག་བབ་གཙང་ཡོང་བར་བྱེད་པ་དང་བདེན་དོན་ལ་བརྟེན་ནས་གྱོད་གཞི་བཅོས་སྒྱུར་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

གསུམ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ཡོང་བསྲང་གཏིང་ཟབ་བྱེད་རྒྱུ་དང་། བདེན་འཚོལ་དངོས་གཉེར་དང་སྤྱོད་གཙང་བབ་གཙང་གི་རྣམ་པ་གསར་པ་ཀུན་ནས་རྒྱས་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་དངོས་འབེབས་ལྷོད་མེད་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པར་གདམ་གསེས་བྱེད་པ་དང་འགྱུར་ལྡོག་འབྱུང་བ། ཇི་མ་ཇི་བཞིན་དུ་ལག་བསྟར་མི་བྱེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གནད་འཁེལ་གྱི་སྒོ་ནས་ལག་བསྟར་ལེགས་བཅོས་བྱས་ནས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ངན་རྩད་གཅོད་ནན་མོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་བུ་མོ་དང་དེའི་བཟའ་ཟླས་དཔལ་འབྱོར་ཚོང་གཉེར་དང་ཁེ་ལས་གཉེར་པའི་བྱེད་ཕྱོགས་གཏན་འབེབས་ཚད་ལྡན་ཅན་དུ་གཏོང་བར་ལྟ་སྐུལ་དངོས་འབེབས་བྱས་ཏེ། གོང་དཔེ་འོག་སྟོན་དང་ལག་བསྟར་ནན་མོ་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྱད་དབང་བསམ་བློ་དང་ཁྱད་དབང་བྱེད་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་སློབ་གསོ་བཏང་ནས་སྣེ་འདོམས་ལེགས་པོ་བྱེད་དགོས་ལ། ཁྱིམ་མི་དང་བུ་བུ་མོར་དོ་དམ་ནན་མོ་བྱས་ནས་ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ་དམ་པོར་འཛིན་དགོས།

བཞི། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་སྤྱོད་ལམ་ངན་པ་ཡོ་བསྲང་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། དམངས་ཕན་དམངས་ཕྱུག་ལ་ཤུགས་བསྣན་ནས། མཉམ་དུ་འབྱོར་ཕྱུག་ཡོང་བར་བྱེད་པའི་སྲིད་ཇུས་བྱེད་ཕྱོགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་འདེད་གཏོང་དགོས་པ་དང་། ཆད་ལྷག་བྱུང་མི་ཆོག་པ་བཞིའི་སྲིད་ཇུས་ཕན་འབྲས་སྲ་བརྟན་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་ལྡན་པའི་སྦྲེལ་མཐུད་ལ་འགན་སྲུང་དང་། སློབ་གསོ་སྨན་བཅོས་དང་རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། ཟས་རིགས་སྨན་རྫས་བདེ་འཇགས། ཁྲིམས་བསྟར་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ལམ་གནད་དོན་ལ་མུ་མཐུད་དུ་བཅོས་སྒྲིག་ཡོ་བསྲང་བྱས་ཏེ། ནག་ངན་གྱི་རྒྱབ་རྟེན་ལ་ཆད་པ་ནན་མོ་བཅད་མཐར། དམངས་ཚིས་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ལྔ། སྐོར་གཟིགས་སྐོར་ཞིབ་ཐད་གོང་འོག་མཉམ་འབྲེལ་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་ནུས་པ་དང་མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱེད་པའི་ནུས་པ་བཟང་པོར་འདོན་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་གནད་འཁེལ་གྱིས་དོན་འཁྱོལ་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་གནད་དོན་ཡོ་བསྲང་དང་གྲུབ་འབྲས་བཀོལ་སྤྱོད་ཟབ་མོ་བྱས་ཏེ། འཚོལ་ཞིབ་བྱས་ཏེ་ཡོ་བསྲང་གི་ཡར་སྐུལ་རྐྱེན་སྲོལ་དང་དཔྱད་འཇོག་རྐྱེན་སྲོལ་འཛུགས་དགོས། ཞིང་ལྗོངས་དང་གྲོང་ཁྱེར་གྱི་སྐོར་གཟིགས་བྱ་བའི་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་དགོས།

དྲུག རིགས་སོ་སོའི་ལྟ་སྐུལ་མཉམ་འདྲེས་ཡོང་བར་ཡར་སྐུལ་བྱས་ཏེ། བཅོས་སྐྱོང་ལྟ་སྐུལ་གྱི་ཕན་ནུས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས། ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཧྲུའུ་ཅིའི་འགན་ཁུར་བ་དང་པོའི་འགན་འཁྲི་ནན་དཀྲི་བྱེད་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་ཟབ་མོར་སྤེལ་ཏེ། ལྟ་སྐུལ་གཞི་རིམ་ལ་ཕྱོགས་པ་དང་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ། ལྟ་སྐུལ་གནད་དོན་མ་བྱུང་གོང་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་དགོས། སྐབས་བརྗེའི་སྒྲིག་ཁྲིམས་གཟབ་ནན་དུ་བཏང་ནས། འདེམས་ཤོག་བསླུ་ཉོ་བྱེད་པ་དང་། དཔོན་གནས་ཉོ་འཚོང་བྱེད་པ། དཔོན་གནས་རྒྱུག་སློང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་དགོས། སྔ་བསླབ་ཕྱི་འདོམས་དང་སྐྱོན་བཅོས་མི་སྐྱོབ་བྱས་ཏེ། རྣམ་པ་བཞི་བཀོལ་སྤྱོད་ཟབ་མོ་བྱེད་དགོས་པ་དང་། སོ་སོར་འབྱེད་པ་གསུམ་དོན་འཁྱོལ་བྱེད་དགོས། འགན་འཁྲིའི་ལག་ཆ་གནད་འཁེལ་དང་ཚད་ལྡན་སྒོས་བཀོལ་སྤྱོད་བཟང་པོ་བྱེད་དགོས། ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་ལག་བསྟར་ནན་མོ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་བསྐྱེད་དགོས།

བདུན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་དང་ནན་མོར་སྤེལ་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ལྟ་ཞིབ་ཡོངས་སུ་ཁེབས་པར་བྱེད་པའི་བྱ་བ་ནུས་ལྡན་སྒོས་སྤེལ་དགོས། བཅོས་སྒྱུར་གྱི་སྔོན་ཁྲིད་དང་ཐོལ་བརྒལ། གསར་གཏོད་བཅས་ཀྱི་ནུས་པ་བཏོན་ནས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ལས་འགན་གཅིག་གྱུར་གྱིས་ལག་བསྟར་བྱེད་དགོས། ཞིབ་འཇུག་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་དང་། ཏང་ཡོན་དང་གཞུང་དོན་པ་སྒྲིག་ཁྲིམས་དང་འགལ་བར་དོགས་པ་ཟ་བའི་ལས་གནས་ཁྲིམས་འགལ་དང་ལས་གནས་ཉེས་བཟོའི་གྱོད་དོན་སྒྲུབ་པའི་རོགས་ལས་གཞོགས་འདེགས་བྱེད་ཐབས་གཏན་འབེབས་བྱས་ཏེ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་དགོས།

བརྒྱད། རང་སྟེང་གི་ལྟ་སྐུལ་ཚོད་འཛིན་ནན་མོ་དང་རྣལ་མར་སྒྲུབ་སྟེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཆེ་བ། ཆེད་དོན་ཅན་གྱི་ནུས་པ་ཆེ་ཞིང་། འཐབ་རྩོད་བྱེད་ཕོད་པ་དང་དེར་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྣེ་ཁྲིད་དེ་ལངས་ཕྱོགས་གསལ་པོས་ཆབ་སྲིད་སྨྲ་བ་དང་། སྣེ་ཁྲིད་དེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་ཆེར་བཏང་སྟེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་བསམ་གཞིགས། སྒྲིག་ཁྲིམས་ཀྱི་བློ་སྦྱོང་བཅས་ཇེ་དྲག་ཏུ་བཏང་ནས། ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཚོད་འཛིན་དང་ལྟ་སྐུལ་ཆེས་ནན་མོ་རང་རྟོགས་ཀྱིས་དང་ལེན་བྱེད་པ་དང་། ལྟ་སྐུལ་སྒྲིག་འཛིན་བྱ་བའི་ངེས་སྲོལ་དང་ལྟ་སྐུལ་སྒྲིག་འཛིན་བྱ་བའི་གཏན་ཁེལ་ལག་བསྟར་ནན་མོ་བྱས་ཏེ། ཁྱིམ་མི་དང་གཉེན་ཉེས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ཤན་ཤུགས་སྤྱད་དེ་སྒེར་ཕན་གཉེར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྒྲོན་འོག་མུན་པ་ལྟ་བུའི་སྣང་ཚུལ་བསྟུད་མར་བཅོས་སྐྱོང་བྱས་ནས། སྒྲིག་ཁྲིམས་དང་ཀུན་སྤྱོད་ནན་མོར་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་སྐྱེད་སྲིང་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། བློ་མཐུན་ཡུས་ཧུང་ཆིའུ་དང་ཧྥུའུ་ཁོས་གཉིས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བདམས།

ཚང་འཛོམས་གྲོས་ཚོགས་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་ཡར་བརྩོན་ལྷོད་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། ཏང་བཙུགས་ཏེ་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་བཅས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།