ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཚུར་སྣང་ཆེན་པོ་བསླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་དངོས་འབེབས་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྣེ་འདོམས་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ལྟ་སྟངས་འགྱུར་མི་རུང་བ་དང་ཆོད་སེམས་ལྷོད་མི་རུང་བ། ཚད་ཤིང་བསྒྱུར་མི་ཆོག་པ་བཅས་ཡོང་བར་འབད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚོགས་ཞུགས་འཐུས་མི་རྣམས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བསླངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ལ་ཐོག་མར་ཆབ་སྲིད་ཀྱི་སྟེང་ནས་དམ་འཛིན་བྱེད་དགོས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་བླངས་ཡོད་ནའང་། ད་དུང་སྔར་བཞིན་གཟབ་ནན་རྙོག་འཛིང་ཅན་དུ་གནས་ཡོད། ཏང་གི་སྲིད་འཛིན་ལ་གནོད་པའི་རུལ་སུངས་སྔར་བཞིན་གནས་ཡོད་པར་ངོས་འཛིན་ཟབ་མོ་བྱེད་དགོས། ལྐོག་ཟ་དང་རུལ་སུངས་ལ་རྒོལ་རྒྱུ་ནི་ཡུན་རིང་གི་འཐབ་རྩོད་ཅིག་ཡིན་པས། ལྷོད་གཡེང་བག་ཙམ་གྱིས་ཀྱང་སྔར་གྱི་འབད་བརྩོན་ལས་བསྐྱེད་པའི་གྲུབ་འབྲས་ཐམས་ཅད་ལྷག་མེད་དུ་གཏོང་ནུས་པར་བརྟེན། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུར་གདམ་གསེས་ཅི་ཡང་མེད་པར་ཅིས་ཀྱང་རྒོལ་བ་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཉན་རྗེས་བསྟན་དོན། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།