རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་བདུན་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཛེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་བདུན་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།    དེའི་ནང་གི་བཅུ་བདུན་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།  རང་ས་ནས་བྱུང་བའི་ནད་པ་དགུ་བཅུ་ཡོད། ཚེ་ལས་འདས་པའི་ནད་པ་གཅིག་ཀྱང་མེད། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་། ད་ཡོད་གཏན་འཁེལ་བྱས་པའི་ནད་པ་སྟོང་གཅིག་དང་བདུན་བརྒྱ་ལྔ་བཅུ་ཡོད། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་ཀྱིན་པའི་ནད་རྟགས་མི་མངོན་པའི་ནད་པ་གོ་དགུ་ཡོད་པའི་ནང་ཉིན་དེར་གཏན་འཁེལ་བྱས་པའི་ནད་པ་སུམ་ཅུ་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།