ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་རེ་དགུ་པ་དང་བདུན་ཅུ་བ། དོན་གཅིག་པ་བཅས་ཀྱི་སྟེང་མཚན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་ཨང་རེ་དགུ་པ་དང་བདུན་ཅུ་བ། དོན་གཅིག་པ་བཅས་ཀྱི་སྟེང་མཚན་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་རེ་དགུ་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་སྲུང་བཅའ་ཁྲིམས་ཞེས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་ཁྱབ་བསྒྲགས་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བདུན་ཅུ་བའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་ཞེས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་ཁྱབ་བསྒྲགས་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་གཅིག་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོགཉེན་རྟོག་པའི་བཅའ་ཁྲིམས་ཞེས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྲོས་འཆམ་བྱུང་ནས་ཁྱབ་བསྒྲགས་བྱས་པར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།