ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་། 

༢.jpg

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་འགོ་རྩོམ་པའི་ལོ་ཡིན་པས། བྱ་བ་ཡོད་ཚད་ཀྱི་འགོ་བཟང་བོ་ཞིག་རྩོམ་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྣེ་ཁྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་བྱེད་པ་དང་ཆབ་སྲིད་ཀྱི་གཏན་ཤུགས་སྲུང་འཛིན་བྱེད་དགོས་ལ། རྣམ་འགྱུར་དྲང་ཞིང་ཆོད་སེམས་བརྟན་པ་དང་བྱ་བའི་སྒྲུབ་ཤུགས་ཇེ་ཆེར་བཏང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་རང་རྒྱལ་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་དུ་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ལས་འགན་ཆེན་པོ། ལྷག་པར་དུ་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཡོངས་སུ་ལོ་བརྒྱ་ལ་བྱུང་མ་མྱོང་བའི་སྒྱུར་བཅོས་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཤིང་། ཏང་གི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ལ། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བར་སྐུལ་འདེད་བཏང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྔར་ལས་སྟོབས་ཆེ་ཞིང་ཤུགས་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་རྟོག་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དངོས་འབེབས་མཐའ་འཁྱོལ་བྱེད་རྒྱུར་འགན་སྲུང་བྱེད་དགོས། ཏང་གི་གསར་སྐྲུན་རིགས་གཞུང་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ་ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་དེ་ཏང་གཤིས་སྦྱོང་བརྡར་དང་ཏང་གཤིས་གསོ་སྦྱོང་བྱེད་པར་ཤུགས་སྣོན་པ། ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཐེངས་མང་ཕམ་ཡང་ཡིད་མ་ཆད་པར་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་ལྟ་ཞིབ་འགན་འདྲིའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས། ཏང་ཡོན་དང་ལས་བྱེད་པས་བསམ་བློའི་འགོག་ཐིག་སྲ་བརྟན་དུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་རང་གཅེས་དང་རང་གིས་རང་ལ་སྐུལ་མ་གཏོང་བ་དང་ཏན་ཏིག་དང་གཟབ་ནན་བྱེད་དགོས་པར་མ་ཟད་ཆབ་སྲིད་འདུ་ཤེས་བརྟན་ཞིང་སྒྲིག་ལམ་བརྩི་སྲུང་བྱེད་མཁན་ཞིག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་ལ། དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་དམིགས་ཏེ་འགན་སྲུང་ལག་བསྟར་ལྟ་སྐུལ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ། འགན་འཁྲི་དང་ལེན་དང་ཁག་ཁུར་ནན་མོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས། བསྐོ་འཇོག་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་འགན་འཁྲི་ཁག་ཁུར་བྱེད་པ་དང་། ནུས་པ་ལྡན་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཟབ་ནན་ཡིན་པའི་ཚོད་འཛིན་དང་ལྟ་སྐུལ་དང་ལེན་བྱས་ཏེ། དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ཉིད་ལེགས་སྒྱུར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། རང་ཉིད་ཀྱི་དབང་ཆའི་འཁོར་སྐྱོད་རྐྱེན་སྲོལ་དང་དོ་དམ་ལྟ་སྐུལ་མ་ལག་འཐུས་ཚང་མིན་པར་དམིགས་ཏེ། ཧུར་ཐག་སྒོས་ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་བློ་བཀུར་བ་དང་ཁག་ཁུར་བྱེད་ཕོད་པ། ཆེད་ལས་ཅན་གྱི་ནུས་པ་ཆེ་ཞིང་སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་འདས་པའི་ལོ་གཅིག་གི་ནང་དུ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་གསར་བ་དང་ལས་འགན་གསར་བ་རྒྱས་བཤད་བྱས་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་ཡུན་རིང་ལ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པའི་གཞི་གཅིག་ཅན་གྱི་འཐབ་ཇུས་དམིགས་འབེན་མུ་མཐུད་དུ་མངོན་འགྱུར་བྱེད་དགོས་ཟེར།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཁ་ཡིག་ལ་དུས་རབས་གསར་བར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།