ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོའི་ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར།  དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བཟང་བོ་བྱས་ནས། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་ལོ་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

བརྡ་ཐོའི་ནང་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་སུ་བཏང་སྟེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་དམངས་ཚིས་ཚད་མཐའ་གཏན་སྲུང་བྱེད་པ་དང་། སྤྱི་ཚོགས་ཀུན་སྤྱོད་ཀྱི་ཚད་མཐའ་འགལ་བའི་དོན་རྐྱེན་འབྱུང་བ་གཏན་འགོག་བྱེད་དགོས། རྩ་འཛུགས་ཞིབ་མོ་བྱས་ཏེ་འཚམས་འདྲིའི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་གནས་པའི་གནད་དོན་ངོ་མ་ལུགས་མཐུན་སྒོས་ཐག་བཅད་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་ལོ་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།