ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་དྲུག་པ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ1པོའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་དྲུག་པ་པེ་ཅིང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་དྲུག་པ་པེ་ཅིང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ལོ་རྒྱུས་དང་རྩོད་སྒྲུབ། ཁྱོན་ཡོངས་ལ་བརྟེན་ནས་རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཐད་ཀྱི་ཡར་ཐོན་དང་གནས་པའི་མི་འདང་སར་ལྟ་ཞིབ་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་དངོས་ལ་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཨུ་ཡོན་དང་ཆེད་ཞུའི་འཐུས་མི་བཅུ་གཅིག་གིས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ཏེ་ཕྱོགས་གང་མང་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་འཁྲི་ལག་བསྟར་དྲ་ངོས་སུ་བསམ་འཆར་བཏོན། ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་དུ་རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། དེ་དང་མཉམ་དུ་ཚོང་ར་ཅན་གྱི་ཆུ་ཚད་དང་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་། རྒྱལ་སྤྱི་ཅན་གྱི་གོམ་སྟབས། སྟབས་བདེ་ཅན་གྱི་ཆུ་ཚད་སོགས་ཀྱི་ཕྱོགས་སུ་ད་དུང་སྔར་ལས་མཐོར་འདེགས་གཏོང་བའི་བར་སྟོང་ཡོད་པར་སྙམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་བརྗོད་དོན་གཏམ་བཤད་སྤེལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཁྲིམས་འཛིན་པུའུ་དང་ནོར་སྲིད་པུའུ། ཚོང་དོན་པུའུ། རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།