ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་འབྲེལ་ཡོད་འཆར་ཟིན་དང་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་གསན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ1པོའི་ཚེས21ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གྱ་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གྱ་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད་པ་རེད། 

རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིས་ཧྥེ་ཡིས་ཚོགས་འདུའི་ཐོག་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་གནས་ཚུལ་དང་། སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། མཚོ་ཐོག་ཉེན་རྟོག་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་སྐོར་གྱི་སྙན་ཞུ། པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་གཏན་འབེབས་འཆར་ཟིན་གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་སྟེ་འབྲེལ་ཡོད་འཆར་ཟིན་གྱི་བརྡས་ཐག་གཅོད་པའི་གྲོས་གཞི་བཏོན།  

རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པི་ལི་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁྲིམས་བཅད་མི་སྣ་ཕྱིར་སྤྲོད་པའི་སྐོར་གྱི་ཆིངས་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རོ་ཁོ་རྒྱལ་བོའི་ཁྲིམས་བཅད་མི་སྣ་ཕྱིར་སྤྲོད་པའི་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་གནས་ཚུལ་དང་ཆོག་མཆན་ཆིངས་ཡིག་གི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་སྐོར་གྱི་སྙན་ཞུ་ཕུལ། 

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་བཅས་ཆེད་དོན་ཨུ་ཡོན་ལྷན་ཁང3གྱི་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། འཐུས་མི་ཁ་ཤས་ཀྱི་འཐུབ་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་མི་སྣ་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སོགས་ཡར་ཞུ་བྱས།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་གི་འཆར་ཟིན་གྲོས་གཞིར་བརྡས་ཐག་གཅོད་པའི་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་ནས་གྲོས་ཞིབ་བྱ་རྒྱུ་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཞང་། པད་མ་འཕྲིན་ལས། ཏིང་ཀྲུང་ལིས། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།