ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཆེན་གཉིས་ཀྱི་སྐབས་སུ་ཀྲུང་དབྱང་གི་འཁྱགས་ཤ་སྐོར་ཐེངས་དྲུག་བསྟུད་མར་ཚོང་རར་བཀྲམ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ1པོའི་ཚེས21ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས21ཉིན་བཤད་པ་ལྟར་ན། ཉིན་དེར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཁྱགས་ཤ་གསོག་ཉར་ཚོང་རར་བཀྲམ་པའི་ལས་དོན་སྤེལ་བ་དང་། ཏུན་ཁྲི3ལྷག་ཉོ་ཚོང་བྱས་ལ། འདི་ནི་ཉེ་དུས་རྩ་འཛུགས་བྱས་པའི་ཀྲུང་དབྱང་གི་གསོག་ཉར་འཁྱགས་ཤ་སྐོར་ཐེངས་དྲུག་པ་ཚོང་རར་ཕྱིར་བཀྲམ་པ་ཡིན།

མཚམས་སྦྱོར་བྱས་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས2021ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་སྡོད་དམངས་ཀྱི་ཕག་ཤའི་འཛད་སྤྱོད་དགོས་མཁོར་འགན་སྲུང་བྱ་ཆེད། 2020ལོའི་ཟླ12པའི་ཚེས17ཉིན་ནས་བཟུང་། ཕག་ཤའི་གསོག་ཉར་ལ་ཁྱོན་བསྡོམས་ཏུན་ཁྲི15ཕྱིར་ཚོང་རར་བཀྲམ་ནས། ཕན་ནུས་ལྡན་པའི་སྒོ་ནས་ཚོང་རའི་མཁོ་འདོན་ཇེ་མང་དུ་བཏང་། ས་གནས་ཁ་ཤས་ཀྱིས་ཀྱང་ཚོང་རའི་གོང་བདེའི་ངང་གསོག་ཉར་ཕག་ཤ་ཕྱིར་བཀྲམ་པར་འཛད་སྤྱོད་པའི་དགའ་བསུ་ཐོབ། 

དུས་ཚིགས་རང་བཞིན་གྱི་འཛད་སྤྱོད་ཡར་འཕར་བའི་ཤུགས་རྐྱེན་གྱིས། ཟླ1པོའི་ཚེས20ཉིན། གྲོང་ཁྱེར་ཆེ་འབྲིང36གི་སྒོ་རྩིས་ཚོང་ཁང་གི་ཉོ་ཚོང་ཚོང་རའི་ཕག་ཤའི་རིན་གོང་རྒྱ་མ་རེར་སྒོར30.29ཡིན་ཞིང་། དེ་ད་ལོའི་ལོ་སྟོད་ལས་བརྒྱ་ཆའི3.2འཕར། འོན་ཀྱང་ན་ནིང་གི་དུས་མཉམ་དང་བསྡུར་ན་རིན་གོང་བརྒྱ་ཆའི4.6མར་ཆག་པ་དང་། རྒྱལ་ཡོངས་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ཁྲོད་ཀྱི་ཕག་ཤའི་རིན་གོང་གི་སྟོན་གྲངས་དེ་ན་ནིང་གི་ཟླ10བ་ནས་བཟུང་བསྟུད་མར་ཟླ3ལ་དུས་མཉམ་ལས་མར་ཆག  གསོ་ཕག་ཐོན་ཚད་བསྟུད་མར་སླར་གསོ་བྱུང་བ་དང་བསྟུན་ནས། ཕག་ཤའི་རིན་གོང་རྒྱུན་ལྡན་གྱི་ཆུ་ཚད་དུ་ཕྱིར་ལོག་བྱ་རྩིས་ཡོད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།